བོད་རྩོམ་ཞིབ་འཇུག་ནི་དྲ་གནས་ཐོ་འགོད་དང་། གྲངས་མཛོད་ཁེན་འཇོག། དྲ་རྒྱའི་བདེ་འཇགས་སྲུང་བརྩི་སོགས་ འགྲོ་ལུགས་ཚད་ལྡན་ དག་རིམ་པར་བརྒྱུད་དེ་བཟོས་པའི་རྒྱལ་སྤྱིའི་རང་བཞིན་གྱི་ཆེད་དོན་དྲ་ཚུགས་ཤིག་ཡིན།


དྲ་ཚུགས་འདིས་ཞིབ་འཇུག་པ་མང་པོའི་རྒྱལ་ནང་གི་བོད་ཀྱི་རྩོམ་རིག་དང་འབྲེལ་བའི་དཔྱད་འབྲས་ དག་པར་འཚོལ་རྒྱུ་དང་ཚང་བར་འཚོལ་རྒྱུ ཡི་རེ་འདོད་མངོན་དུ་འགྱུར་ཕྱིར། ཡོངས་འཛིན་སོགས་ཆེད་ལས་དྲ་ཚུགས་དང་ཡིག་ཆ་མཉམ་སྤྱོད་སོགས་ཐབས་ཀྱིས། ཆེད་དུ།དཔྱད་རྩོམ་དང་དཔེ་ཆ། མི་སྣ་བཅས་ཕྱོགས་ཆེ་ཁག་གསུམ་ནས་བོད་ཀྱི་རྩོམ་རིག་དང་འབྲེལ་བའི་དཔྱད་འབྲས་གནས་ཚུལ་བཙལ་འཚོལ་དང་ཡིག་ཆ་མཉམ་སྤྱོད་ཐད་ནས་ཞབས་ཞུ་སྤྲོད་རྒྱུ་ཡིན།
བོད་ཀྱི་རྩོམ་རིག་ཐད་ཀྱི་ བོད་རྒྱ་གཉིས་ཀྱི་དཔྱད་འབྲས་ གཙོ་བོར་འཛིན་རྒྱུ་ཡིན་པ་ལས། རྒྱ་ཡིག་ནང་གི་དཔྱད་འབྲས་དག་སྤྱིར་བཏང་དྲ་ལམ་ནས་འཚོལ་བདེ་བས་འདིར་བསྐྱར་དུ་འགོད་རྒྱུ་མིན་ལ། ཡང་དམིགས་བསལ་ཀྲུང་གོ་གསར་པ་བཙུགས་ཚུན་ནས་1989ལོའི་བར་གྱི་རྒྱ་ཡིག་དཔྱད་འབྲས་སྐོར་ཞིག་འདིར་བླུགས་ཡོད། གཞན། བོད་ཡིག་ནང་གི་རྩོམ་རིག་ཐད་ཀྱི་དཔྱད་འབྲས་དག་ད་སྔ་བཙལ་འཚོལ་བདེ་སའི་སྟེགས་བུ་ཞིག་མེད་ཕྱིར། འདིའི་སྐོར་ཆ་ཇེ་ཚང་དུ་གཏོང་ཨེ་ཐུབ་ཀྱི་འབད་པས། སྤྱིའི་ཆ་ནས་ལུགས་ཟློག་ལྟར་རིམ་པར་དྲ་ཚུགས་འདིར་འཇོག་རྒྱུའི་འཆར་གཞི་ཡོད། (ཉེ་བའི་དུས་སུ་ཐོན་པ་དག་སྔོན་ལ་འཇོག་རྒྱུ་ཡིན།)
དཔྱད་རྩོམ་ཡིན་ན། གང་དེའི་ཁ་བྱང་དང་དུས་དེབ་གནས་ཚུལ་ཙམ་དང་། དཔེ་ཆ་ཡིན་ན་ཁ་བྱང་དང་དཀར་ཆག་ཙམ་ལས་འཇོག་རྒྱུ་མིན། དཔྱད་རྩོམ་ཡོངས་སུ་གཟིགས་འདོད་པ་དག་གིས་སྦྲེལ་ཐག་བརྒྱུད་དེ་དུས་དེབ་ཁང་གང་དེས་ཆོག་མཆན་སྤྲད་ཡོད་པའི་དྲ་ངོས་ནས་གཟིགས་ཆོག། དེ་མིན། དཔེ་ཆ་དང་མི་སྣའི་ཆ་འཕྲིན་དག་སྤྱིར་བཏང་དོ་བདག་གང་དེས་ཆོག་མཆན་སྤྲད་ཟིན་པ་དག་འཇོག་རྒྱུ་ཡིན་པས། སྤྱོད་མཁན་སུ་ཡིན་ན་ཡང་ཚོང་ལས་དང་མ་འབྲེལ་བའི་ངོས་ནས་དྲ་ཚུགས་འདི་བརྒྱུད་དེ་སྤྱད་ཀྱང་ཆོག། ཡང་། དཔེ་ཆ་དང་མི་སྣའི་གནས་ཚུལ་དག་ཀློག་མཁན་སུས་ཀྱང་ཡར་སྤྲད་ཆོག་ལ། ངེས་པར་དུ་ཁ་ཚང་བ་དང་། དག་པ། དོ་བདག་གང་དེས་ཆོག་མཆན་སྤྲད་ཡོད་པ་ཡིན་དགོས། (གལ་ཏེ་ཡར་སྤྲད་གནས་ཚུལ་དག་ཁ་མི་ཚང་བ། པར་མི་གསལ་བ་སོགས་སྐྱོན་ཡོད་ཚེ་དྲ་ངོས་སུ་འཇོག་རྒྱུ་མིན། ཡང་འབྲེལ་སྟབས་བདེ་ཕྱིར། ཉིད་ཀྱི་ཡིག་ཟམ་མམ་ཁ་པར་ཨང་གྲངས་མཉམ་དུ་བཞག་ཀྱང་ཆོག། ང་ཚོས་དེ་བཞིན་འབྲེལ་བ་བྱ་ངེས།) གཤམ་ལྟར།



ངེད་དྲ་ཚུགས་འདི་ཚད་ལྡན་གྱི་འགྲོ་ལུགས་ཆ་ཚང་བརྒྱུད་དེ། སྤྱི་ཕན་ཁོ་ནའི་ཆེད་དུ་བཟོས་པ་ཡིན་པས། འབྲེལ་ཡོད་དག་ལ་ཕན་ཐོགས་པའི་རེ་བ་ཅི་བས་ཆེ། ཡང་དྲ་ངོས་གང་རུང་དུ་ཡི་གེ་གཏགས་ནོར་ཤོར་བ་དང་། ཆ་འཕྲིན་མི་དག་པ། པར་དབང་དང་ཆེར་མི་མཐུན་པ་གང་ཡོད་གཤམ་གྱི་ཡིག་ཟམ་འདི་བརྒྱུད་དེ་ཐད་ཀར་འབྲེལ་བ་བྱ་ཆོག་ལ། ཁྱེད་ནས། བོད་ཀྱི་རྩོམ་རིག་ཞིབ་འཇུག་དང་འབྲེལ་བའི་གསར་འཕྲིན་དང་དཔྱད་འབྲས་དག་གཤམ་གྱི་ཡིག་ཟམ་འདི་བརྒྱུད་དེ་ང་ཚོར་བསྐུར་བའི་རེ་བ་ཆེ།
bzstudies@126.com

བཀྲ་ཤིས་བདེ་ལེགས།
བོད་རྩོམ་ཞིབ་འཇུག་དྲ་ཚུགས་ནས།