མགོ་ཤོག > མི་སྣ།

བྱམས་ཕྲུག་བན་དེ་མཁར།

87     

མིང་གཞན། བྱམས་ཕྲུག བནྡེ་མཁར། 完代克

ཞིབ་འཇུག་ཁྱབ་ཁོངས།བོད་ཀྱི་རྩོམ་རིག་མཐའ་དཔྱོད་ཀྱི་གཞུང་ལུགས། ཚིག་རྒྱན་རིག་པ། དེང་རབས་རྩོམ་རིག གློག་བརྙན་རྩོམ་རིག

ལས་ཁུངས།ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ།

ངོ་སྤྲོད་བསྡུས་པ།མདོ་སྨད་བླ་བླང་ཕྱོགས་ཀྱི་ཨ་མཆོག་ཏུ་སྐྱེས། 2012ལོ་ནས་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོར་དགེ་རྒན་གྱི་ལས་ཀ་གཉེར། རྩོམ་རིག་ཁ་ཕྱོགས་ཀྱི་དགེ་རྒན་ཆེ་གཞོན་དང་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན། ཀྲུང་གོའི་མཐོ་རིམ་སློབ་གླིང་གློག་བརྙན་འཕྲིན་སློབ་ཚོགས་ཀྱི་ཚོགས་མི་དང་ཀྲུང་གོའི་མི་རིགས་གློག་བརྙན་ཞིབ་འཇུག་ལྟེ་གནས་ཀྱི་འགན་འཛིན་པ། སློབ་ཁྲིད་དང་ཞིབ་འཇུག་གི་ཁ་ཕྱོགས་གཙོ་བོ་བོད་ཀྱི་རྩོམ་རིག་མཐའ་དཔྱོད་ཀྱི་གཞུང་ལུགས་དང་ཚིག་རྒྱན་རིག་པ། དེང་རབས་རྩོམ་རིག གློག་བརྙན་རྩོམ་རིག་སོགས་ཡིན། 2013ལོར་ལག་རོགས་དང་མཉམ་དུ་པྲ་དྲ་བཟོས། 2017ལོར《སྙན་ངག་མེ་ལོང》སྐོར་གྱི་དཔྱད་གླེང་ཚོགས་འདུ་བསྡུས། བརྩམས་དེབ་ལ《སྐྱབས་ཆེན་བདེ་གྲོལ་ཞིབ་འཇུག》(2012)དང་། 《ལོ་བརྒྱའི་ལྷ་སའི་སྙན་ངག་ཞིབ་འཇུག》(2014)《བོད་ཀྱི་རྩོམ་གཞུང་གི་རྒྱུན་དང་མཐོངས།》(2023)གསུམ། བསྒྱུར་དེབ་ལ《ཨ་མ་མཛངས་མ་དགེ་བའི་བཤེས་གཉེན་འདྲ》(2011) བསྒྲིགས་དེབ་ལ《སྟག་འབུམ་རྒྱལ་གྱི་སྒྲུང་གཏམ་ཞིབ་འཇུག》(2014)དང་། 《འཁྲབ་ཁྲིད་པ་དྲུག་ཅུ》(2018) 《ཐར་ལོ》(2018)སོགས་ཡོད། ཁ་ཎ་ཌྷ་དང་ནོར་ཝེ་སོགས་རྒྱལ་ཁབ་ཕྱི་ནང་གི་རིག་གཞུང་ཚོགས་འདུ་བཅུ་གྲངས་ཤིག་ལ་ཞུགས་ཏེ་དཔྱད་རྩོམ་བསྒྲགས། 《ཀྲུང་གོའི་བོད་རིག་པ》དང《མི་རིགས་རྩོམ་རིག་ཞིབ་འཇུག》སོགས་སུ་བོད་རྒྱ་ཡིག་རིགས་གཉིས་ཀྱི་ལམ་ནས་རྩོམ་རིག་དང་གློག་བརྙན་སྐོར་གྱི་དཔྱད་རྩོམ་ཉི་ཤུ་ལྷག་སྤེལ། གཞན་སྙན་ངག་དང་འབོལ་རྩོམ། བསྒྱུར་རྩོམ་ལྔ་བཅུ་ལྷག་དེབ་སྣ་ཚོགས་སུ་སྤེལ། 2013ལོར《མི་རིགས་རྩོམ་རིག》བོད་ཡིག་པར་མའི་ལོ་འཁོར་བྱ་དགའ་ཐོབ། 2023ལོར《གངས་རྒྱན་མེ་ཏོག》རྩོམ་རིག་བྱ་དགའ་ཐོབ།

དཔེ་ཆའི་རིགས།
དཔྱད་རྩོམ་གྱི་རིགས།
རྩོམ་སྐུར་ཡིག་ཟམ། bzstudies@126.com 投稿邮箱
© bzstudies.com 2024-2028 / All rights reserved / 喳喳文学研究平台版权所有 / པར་དབང་ཐམས་ཅད་བོད་རྩོམ་ཞིབ་འཇུག་ལ་དབང་།
京ICP备19006092号-2 / 京网文(2019)2639-246号