མགོ་ཤོག > མི་སྣ།

ཉི་མ་དངོས་གྲུབ།

95     

མིང་གཞན། ལྷུག་བཞུར་ཉི་མ་དངོས་གྲུབ། 尼玛欧珠

ཞིབ་འཇུག་ཁྱབ་ཁོངས།བོད་ཀྱི་དེང་ད་རབས་རྩོམ་རིག

ལས་ཁུངས།ལྷ་ས་སློབ་འབྲིང་།

ངོ་སྤྲོད་བསྡུས་པ།༡༩༨༦ལོར་སྟོད་ལུང་བདེ་ཆེན་རྫོང་ཁོངས་སུ་སྐྱེས། ༢༠༠༨ལོར་བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་ནས་སློབ་མཐར་ཕྱིན་ཏེ། ལྷ་ས་སློབ་འབྲིང་དུ་བོད་ཡིག་དགེ་རྒན་གྱི་ལས་ལ་གཞོལ། ༢༠༡༣ལོར་སླར་ཡང་མ་ཡུམ་སློབ་ཆེན་དུ་ཐོས་བསམ་གྱི་གོ་སྐབས་ཐོབ་ཅིང་། དགེ་རྒན་དྲིན་པོ་ཆེ་བྱ་མདོ་དོན་གྲུབ་ཚེ་རིང་ངམ་སྨྲེང་བུ་མཆོག་སློབ་དཔོན་དུ་བསྟེན་ནས། རྩོམ་རིག་ཤེས་རམས་ཞིབ་འཇུག་སློབ་མའི་སློབ་གནས་བླངས། དཔྱད་རྩོམ་འདིར་བོད་ལྗོངས་སློབ་ཆེན་དང་༢༠༡༦ལོའི་བོད་རང་སྐྱོང་ལྗོངས་ཀྱི་ཕུལ་བྱུང་སློབ་གནས་དཔྱད་རྩོམ་གྱི་མཚན་རྟགས་ཐོབ། དེང་སྐབས་མུ་མཐུད་ལྷ་ས་སློབ་འབྲིང་དུ་དགེ་རྒན་གྱི་བྱ་བ་སྒྲུབ་བཞིན་ཡོད། སྔ་རྗེས་སུ་《སྦྲང་ཆར་》 དང་《 བོད་ཀྱི་རྩོམ་རིག་སྒྱུ་རྩལ་》 《སྤང་རྒྱན་མེ་ཏོག་》 《གངས་ལྗོངས་རིག་གནས་》 《བོད་ལྗོངས་སློབ་གསོ་》སོགས་ལྗོངས་ཕྱི་ནང་གི་དུས་དེབ་ཐོག་ཏུ་ལྷུག་རྩོམ་དང་དཔྱད་རྩོམ་ཐེངས་མང་སྤེལ།

དཔེ་ཆའི་རིགས།
དཔྱད་རྩོམ་གྱི་རིགས།
རྩོམ་སྐུར་ཡིག་ཟམ། bzstudies@126.com 投稿邮箱
© bzstudies.com 2024-2028 / All rights reserved / 喳喳文学研究平台版权所有 / པར་དབང་ཐམས་ཅད་བོད་རྩོམ་ཞིབ་འཇུག་ལ་དབང་།
京ICP备19006092号-2 / 京网文(2019)2639-246号