མགོ་ཤོག > མི་སྣ།

དཔལ་ལྡན། (གེ་སར།)

200     

མིང་གཞན། གེ་སར། 华旦

ཞིབ་འཇུག་ཁྱབ་ཁོངས།བོད་ཀྱི་རྩོམ་རིག

ལས་ཁུངས།མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།

ངོ་སྤྲོད་བསྡུས་པ།དཔལ་ལྡན། པིར་མིང་ལ་གེ་སར་འབོད། 1971ལོར་མཚོ་སྔོན་ཞིང་ཆེན་ཀོས་ནན་རྫོང་བྱ་མདོའི་ར་རྫ་སྡེ་བར་སྐྱེས། 2007ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་སྐད་ཡིག་སློབ་གླིང་གི་རྩོམ་རིག་རབ་འབྱམས་པའི་འཛིན་གྲྭ་ནས་སློབ་མཐར་ཕྱིན། 1993ལོ་ནས2004ལོའི་བར་དུ་མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱེད་བཞིན་པའི《གངས་རྒྱན་མེ་ཏོག》རྩོམ་སྒྲིག་ཁང་དུ་རྩོམ་སྒྲིག་པའི་བྱ་བ་གཉེར། ད་ལྟ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་ཞུས་ཆེན་རྩོམ་སྒྲིག་པའི་འགན་འཁུར་མུས་ཡིན། བརྩམས་ཆོས་ལ་སྙན་དེབ《འཕུར་འདོད་དུས》དང་ཆེད་རྩོམ《སྙན་ངག་གསར་པའི་རྣམ་བཤད》《འབྲིང་རྒྱུགས་རྩོམ་ཡིག་མཛུབ་སྟོན》 སྒྱུར་དེབ་ལ《ཀྲུང་ཕྱིའི་སྙན་རྩོམ་གྲགས་ཅན་དབྱེ་ཞིབ》དང《འཛམ་གླིང་བྱིས་སྒྲུང་གྲགས་ཅན་གཅེས་བཏུས》《ཨ་རབ་ཀྱི་རིག་གནས》《ལིའོ་ཀྲའེ་མཚར་སྒྲུང》《ཚོན་རིས་ཀྲུང་གོའི་ལོ་རྒྱུས》(དེབ45—48བར)《རང་བྱུང་ཁམས་ཀྱི་ཚན་རིག་བྱིས་སྒྲུང》(དེབ་བཞི) སྒྲིག་རྩོམ་གྱི་དེབ་ལ《བོད་ཀྱི་ལོ་རྒྱུས་རིག་གནས》དང《བོད་ཡུལ་གྱི་གནས་མཆོག་གྲགས་ཅན》སོགས་དེབ་གྲངས་ཉི་ཤུར་བརྒལ་བ་ཡོད། 《སྙན་ངག་པའི་བློ་སྦྱོང་གླེང་བ》དང《ཕྱིར་རྟོག་དང་འཚོལ་སྙེག》《བོད་ཀྱི་བུད་མེད་སྙན་ངག་པའི་སྙན་ངག་གསར་བ་གླེང་བ》སོགས་རྩོམ་རིག་དཔྱད་རྩོམ་བཅུ་ལྷག་དང་། སྙན་ངག ལྷུག་རྩོམ། སྒྱུར་རྩོམ་མང་བོ་བོད་ཀྱི་དུས་དེབ་དང་ཚགས་པར་སྣ་ཚོགས་སྟེང་བཀོད་ཅིང་། སྐོར་ཞིག《ཀྲུང་གོའི་བོད་ཀྱི་དེང་རབས་རྩོམ་རིག་གཅེས་བཏུས》དང《གངས་རྒྱན་མེ་ཏོག་སྤེལ་ནས་ལོ་འཁོར25ལོན་པའི་དཔེ་ཚོགས》སོགས་དཔེ་ཚོགས་ཆེ་གྲས་ཁག་ནང་དུ་བདམས་བཀོད་བྱས་ཡོད། 《གངས་རྒྱན་ན་ཆུང་ཤེས་བྱའི་དཔེ་མཛོད》དང《བོད་ཀྱི་སློབ་འབྲིང་སློབ་མའི་ངེས་བཀླག་དེབ་ཕྲེང》《ན་ཆུང་བྱིས་པའི་བློ་འབྱེད་དེབ་ཕྲེང》《ཀྲུང་གོའི་གནའ་རབས་རྩོམ་རིག་བརྩམས་ཆོས་གྲགས་ཅན་བོད་འགྱུར་དཔེ་ཚོགས》《བཤད་མི་ཚར་བའི་གཏམ་རྒྱུད་ཚོན་རིས་མ》(ཁག་དང་པོ)སོགས་ཀྱིས་མཚོན་པའི་དཔེ་དེབ་མང་བོའི་རྩོམ་སྒྲིག་པ་དང་ཇུས་འགོད་པ་སོགས་ཀྱི་ལས་ལ་ཞུགས། སྐབས་གསུམ་པའི་གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ་གཙོས་བྱ་དགའ་དང་གཟིགས་བཟོས་སྐོར་ཞིག་ཐོབ་ཅིང་། མཚོ་སྔོན་ཞིང་ཆེན་གྱི་རྩེར་སོན་འཇོན་མིའི་གྲས་སུའང་ཚུད་མྱོང་།

- 2025.05.23
དཔེ་ཆའི་རིགས།
དཔྱད་རྩོམ་གྱི་རིགས།
རྩོམ་སྐུར་ཡིག་ཟམ། bzstudies@126.com 投稿邮箱
© bzstudies.com 2024-2028 / All rights reserved / 喳喳文学研究平台版权所有 / པར་དབང་ཐམས་ཅད་བོད་རྩོམ་ཞིབ་འཇུག་ལ་དབང་།
京ICP备19006092号-2 / 京网文(2019)2639-246号