མགོ་ཤོག > མི་སྣ།

ས་བགོས་ནོར་བུ་དབང་ལྡན།

116     

མིང་གཞན། ས་བགོས་པ། 闹日项旦

ཞིབ་འཇུག་ཁྱབ་ཁོངས།བོད་ཀྱི་གནའ་རབས་རྩོམ་རིག་དང་ཏུན་ཧོང་ཡིག་རྙིང་།

ལས་ཁུངས།མཚོ་སྔོན་དགེ་འོས་སློབ་ཆེན།

ངོ་སྤྲོད་བསྡུས་པ།ས་བགོས་ནོར་བུ་དབང་ལྡན། རྩོམ་རིག་འབུམ་རམས་པ། མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་བོད་ཀྱི་སྐད་ཡིག་དང་རྩོམ་རིག་སྡེ་དག་གི་དགེ་རྒན་ཆེན་མོ་གཞོན་པ། མཚོ་སྔོན་ཞིང་ཆེན་གྱི་འཇོན་ཐང་ཕུལ་བྱུང་མི་སྣ། བོད་ཀྱི་གནའ་རབས་རྩོམ་རིག་དང་སྙན་ངག་མེ་ལོང་། སི་ཏུའི་ཞལ་ལུང་། རིག་གནས་སྤྱི་རྣམ། ཏུན་ཧོང་ཡིག་རྙིང་སོགས་ལ་སློབ་ཁྲིད་དང་ཞིབ་འཇུག་གི་ལས་ཀ་གཉེར། ཀྲུང་གོའི་བོད་རིག་པ་སོགས་ཞིང་ཆེན་ཕྱི་ནང་གི་རིག་གཞུང་དུས་དེབ་ཆེ་ཁག་ཏུ་《སཾ་བོད་རྒྱ་གསུམ་གྱི་ཤེར་སྙིང་བསྡུར་དཔྱོད་དང་མཐའ་དཔྱད།》《མཁས་དབང་དགེ་འདུན་ཆོས་འཕེལ་གྱི་བསམ་བློའི་ལྟ་དགོངས་ལ་དཔལ་གསང་ཆེན་སྔ་འགྱུར་བའི་ཤན་ཞུགས་ཚུལ་ལ་དཔྱད་པ》སོགས་དཔྱད་རྩོམ་ཉི་ཤུ་ལྷག་སྤེལ། དེ་དང་མཉམ་དུ་རྒྱལ་ནང་གི་བོད་ཀྱི་རྩོམ་རིག་དུས་དེབ་གྲགས་ཆེན《སྦྲང་ཆར》སོགས་ཀྱི་སྟེང་སྲོལ་རྒྱུན་བཅད་རྩོམ་བཅུ་གྲངས་ལྷག་སྤེལ། རྒྱལ་ཁབ་སྤྱི་ཚོགས་ཚན་རིག་གནད་ཆེའི་ལས་གཞི་གཅིག་དང་། ཞིང་ཆེན་རིམ་པའི་ལས་གཞི་གཅིག རྒྱལ་ཁབ་སྤྱི་ཚོགས་ཚན་རིག་སྤྱིར་བཏང་གི་ལས་གཞི་བཞི་ཡི་ཁོངས་མི་བཅས་ཡིན། བརྩམས་ཆོས་ལ《ཏུན་ཧོང་ཡིག་རྙིང་ཚིག་མཛོད་ཆེན་མོ》(གཙོ་སྒྲིག་པ་གཞོན་པ)དང་། 《དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོའི་སྙན་རྩོམ་ཞིབ་འཇུག》 《 དཔལ་སྤྲུལ་རིན་པོ་ཆེའི་གསུང་འབུམ་སྤུས་ལེགས་དག་བཅོས་མ》་པོད་བརྒྱད་ཅན་གྱི་གཙོ་སྒྲིག་གི་འགན་ཁུར་ནས་པར་ཏུ་སྐྲུན་ཡོད་དོ། །

- 2025.10.24
དཔེ་ཆའི་རིགས།
དཔྱད་རྩོམ་གྱི་རིགས།
རྩོམ་སྐུར་ཡིག་ཟམ། bzstudies@126.com 投稿邮箱
© bzstudies.com 2024-2028 / All rights reserved / 喳喳文学研究平台版权所有 / པར་དབང་ཐམས་ཅད་བོད་རྩོམ་ཞིབ་འཇུག་ལ་དབང་།
京ICP备19006092号-2 / 京网文(2019)2639-246号