མགོ་ཤོག > མི་སྣ།

བདུད་ལྷ་རྒྱལ།

136     

མིང་གཞན། 斗拉加

ཞིབ་འཇུག་ཁྱབ་ཁོངས།བོད་ཀྱི་རྩོམ་རིག

ལས་ཁུངས།ནུབ་བྱང་མི་རིགས་སློབ་ཆེན།

ངོ་སྤྲོད་བསྡུས་པ།བདུད་ལྷ་རྒྱལ། འབུམ་རམས་པ་དང་། དགེ་རྒན་ཆེན་མོ། 1982ལོར་རྨ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭ་མཐར་ཕྱིན་རྗེས་སློབ་ཆུང་གི་དགེ་རྒན་བྱས། 1986ལོར་ནུབ་བྱང་མི་རིགས་སློབ་གྲྭའི་གྲངས་ཉུང་མི་རིགས་སྡེ་ཁག་ཏུ་སློབ་གཉེར་དུ་ཕྱིན། 1990ལོར་སློབ་མཐར་ཕྱིན་ནས་སློབ་གྲྭ་རུ་དགེ་རྒན་དུ་བསྐྱུར་ཏེ་ད་བར་དུ་དེ་ག་རང་ནས་དགེ་རྒན་བྱས། 1992ལོར་སློབ་གྲྭ་དེའི་བོད་ཀྱི་སྐད་ཡིག་དང་རྩོམ་རིག་ཆེད་ལས་ཀྱི་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད་ཅིང༌། རབ་འབྱམས་པའི་དམ་བཅའི་དཔྱད་རྩོམ་ལ«སྙན་ངག་གསར་རྙིང་གཉིས་ཀྱི་ཐོག་མའི་གཤིབ་བསྡུར»ཞེས་པ་བྲིས། 1997ལོའི་ཟླ9བ་ནས1998ལོའི་ཟླ7པའི་བར་དུ་པེ་ཅིང་དགེ་འོས་སློབ་ཆེན་ནས་མཐོ་རིམ་ཟབ་སྦྱོང་བྱས། 2005ལོར་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་སྐད་དང་རྩོམ་རིག་གི་འབུམ་རམས་པར་རྒྱུགས་འཕྲོད་ནས། 2009ལོར«བོད་ཀྱི་བརྩམས་སྒྲུང་གསར་བའི་གནས་སྟངས་དང་དེའི་དགག་སྒྲུབ»ཅེས་པའི་དཔྱད་རྩོམ་བྲིས་ཏེ་འབུམ་རམས་པའི་དམ་བཅའ་བཞག ད་ལྟའི་ལས་ཀ་གཙོ་བོ་བོད་ཀྱི་རྩོམ་རིག་གི་སློབ་ཁྲིད་དང་ཞིབ་འཇུག་ཡིན། ད་བར་དུ། གཙོ་བོ་རྩོམ་རིག་དོན་གཉེར་གྱིས«དོན་གྲུབ་རྒྱལ་གྱི་མི་གཞིའི་གས་ཁ་དང་དེས་དེང་རབས་ལ་བྱིན་པའི་བློ་བསྐྱེད»སོགས་དཔྱད་རྩོམ50ལྷག་སྤེལ་མྱོང་ཞིང༌། «བོད་ཀྱི་རྩོམ་རིག་གསར་བའི་བརྩམས་ཆོས་བདམས་བཀོད་དང་དེ་དག་གི་བཤད་པ»ཞེས་པའི་བསླབ་དེབ་གཅིག་སྒྲིག་རྩོམ་བྱས། «ཏུའུ་ཝེ་ནས་སློབ་གསོ་གླེང་བ» «ཕའེ་གུན་ནས་མི་ཚེ་གླེང་བ»ཞེས་པའི་དེབ་གཉིས་བོད་ཡིག་ཏུ་བསྒྱུར་ཅིང་། «ན་གཞོན་རབ་བྱེད»ཅེས་པའི་དེབ་ཅིག་བསྒྱུར་སྒྲིག་བྱས། «འཚོལ་རྟོག་སྙིང་སྟོབས» དང«བདུད་ལྷ་རྒྱལ་གྱི་དཔྱད་རྩོམ་ཕྱོགས་སྒྲིག»ཅེས་པའི་དཔེ་ཆ་གཉིས་དཔར་དུ་བཀོད། སྦྲང་ཆར་རྩོམ་རིག་དཔྱད་བརྗོད་བྱ་དགའ་དང་།གངས་རྒྱན་མེ་ཏོག་རྩོམ་རིག་དཔྱད་བརྗོད་བྱ་དགའ། བོད་ཀྱི་རྩོམ་རིག་སྒྱུ་རྩལ་གྱི་ལོ་ཟུང་བྱ་དགའ་བཅས་ཐོབ་མྱོང་ཞིང་། 2014ལོར་སློབ་གྲྭའི་ང་རང་ཆེས་དགའ་བའི་དགེ་རྒན་ཞེས་པའི་བྱ་དགའ་ཡང་ཐོབ་མྱོང་། རྒྱལ་ཁབ་རིམ་པའི་སྤྱི་ཚོགས་ཚན་རིག་ལས་གཞི་གཅིག་ལ་མགོ་སྡུད་བྱས་མྱོང་།

- 2025.12.06

དཔེ་ཆའི་རིགས།
དཔྱད་རྩོམ་གྱི་རིགས།
རྩོམ་སྐུར་ཡིག་ཟམ། bzstudies@126.com 投稿邮箱
© bzstudies.com 2024-2028 / All rights reserved / 喳喳文学研究平台版权所有 / པར་དབང་ཐམས་ཅད་བོད་རྩོམ་ཞིབ་འཇུག་ལ་དབང་།
京ICP备19006092号-2 / 京网文(2019)2639-246号