མགོ་ཤོག > མི་སྣ།

ལྕགས་རྡོར་རྒྱལ།

120     

མིང་གཞན། ལྡོང་བུ། 吉多加

ཞིབ་འཇུག་ཁྱབ་ཁོངས།གེ་སར་སྒྲུང་། དོན་བརྗོད་བརྩམས་ཆོས། སྙན་ངག་རིག་པ།

ལས་ཁུངས།ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་མི་རིགས་རྩོམ་རིག་ཞིབ་འཇུག་ཁང་།

ངོ་སྤྲོད་བསྡུས་པ།ལྡོང་བུ། མིང་མེད་ཀྱང་འབོད། 2007ལོར་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་ཤེས་རམས་པའི་བསླབ་གནས་བླངས། 2010ལོ་དང2018ལོར། སྔ་ཕྱིར་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་རབ་འབྱམས་པ་དང་འབུམ་རམས་པའི་བསླབ་གནས་བླངས། 2010ལོ་ནས2023ལོའི་བར«མི་རིགས་ཀྱི་རྩོམ་རིག»དུས་དེབ་ཁང་དུ་ཕྱག་ལས་གནང་། 2021ལོ་ནས2023ལོའི་ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་མི་རིགས་རྩོམ་རིག་ཞིབ་འཇུག་ཁང་གི་འབུམ་རམས་པ་ཕྱི་ཚར་གྱི་ཞིབ་འཇུག་པ་ཡིན། 2007ལོར«སྨྱོན་པའི་དུས་ཚིགས»དང་། «གཤིན་པོའི་རོལ་དབྱངས» «ཟླ་བའི་རྨི་ལམ»བཅས་སྙན་དེབ་གསུམ་དང་། «གཤོག་པ་ནག་པོ»ཞེས་པའི་སྙན་ངག་འགྱུར་དེབ་གཅིག་བཅས་སྒེར་ནས་པར་དུ་བཏབ། སྔ་ཕྱིར«བོད་ཀྱི་དེང་རབས་སྙན་ངག་རིག་པ»(2013)དང་། «བརྩམས་སྒྲུང་གི་རྩོམ་ལུས་དང་དོན་བརྗོད་སྒྲིག་གཞི་ལ་དཔྱད་པ»(2019)ཞེས་པའི་དཔྱད་དེབ་གཉིས། «རྒྱལ་སྲས་ཆུང་ཆུང»(2017)དང་། «ཨེ་མི་ལི་ལ་ཕུལ་བའི་རྒྱ་སེ་རྐང་གཅིག ནུབ་ཕྱོགས་སྒྲུང་ཐུང་ཉིང་བཏུས»(2019) «རྡོ་ཉི་མ། འཛམ་གླིང་སྙན་ངག་གཅེས་བཏུས»(2022) «མྱ་ངམ་ཐང་། ཨེ་ལི་ཐིའི་སྙན་ངག་གཅེས་བཏུས»(2024)བཅས་འགྱུར་དེབ་བཞི། «རྣམ་རྟོག་གི་མཁར་རྫོང»(2019)ཞེས་པའི་སྙན་དེབ་གཅིག། གཙོ་སྒྲིག་བྱས་པའི་རྩོམ་རིག་དཔྱད་དེབ«བུད་མེད་རྩོམ་པ་པོས་གསར་རྩོམ་གླེང་བ»(2017)དང་། རྩོམ་རིག་འགྱུར་དེབ«འཛམ་གླིང་རྩོམ་རིག»དེབ་དང་པོ(2019)དང་། གཉིས་པ།(2020) གསུམ་པ(2021)བཅས་པར་དུ་བསྐྲུན། རྒྱ་བོད་ཡིག་རིགས་གཉིས་ཀྱི་དཔྱད་རྩོམ་ཁག་ཅིག་རྒྱལ་ནང་དུས་དེབ་ཏུ་བཀོད། 2018ལོར་ཀྲུང་གོའི་རྩོམ་པ་པོ་དཔེ་སྐྲུན་ཚོགས་པའི་ཕུལ་བྱུང་རྩོམ་སྒྲིག་པའི་བྱ་དགའ་ཐོབ། ད་ལྟ་ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་མི་རིགས་རྩོམ་རིག་ཞིབ་འཇུག་ཁང་དུ་ཕྱག་ལས་གནང་མུས་སུ་མཆིས།

- 2025.12.17
དཔེ་ཆའི་རིགས།
དཔྱད་རྩོམ་གྱི་རིགས།
རྩོམ་སྐུར་ཡིག་ཟམ། bzstudies@126.com 投稿邮箱
© bzstudies.com 2024-2028 / All rights reserved / 喳喳文学研究平台版权所有 / པར་དབང་ཐམས་ཅད་བོད་རྩོམ་ཞིབ་འཇུག་ལ་དབང་།
京ICP备19006092号-2 / 京网文(2019)2639-246号