མགོ་ཤོག > མི་སྣ།

བསེ་ཆང་ཤ་བོ་ཚེ་བརྟན།

102     

མིང་གཞན། ན་རོ། 夏吾才旦

ཞིབ་འཇུག་ཁྱབ་ཁོངས།བོད་ཀྱི་རྩོམ་རིག

ལས་ཁུངས།བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་།

ངོ་སྤྲོད་བསྡུས་པ།པིར་མིང་ལ་ན་རོ་ཞེས་འབོད། འབུམ་རམས་པ། བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་གི་དགེ་རྒན་ཆེན་མོ་དང་འབུམ་རམས་པའི་མཛུབ་སྟོན་དགེ་རྒན་ཡིན། བོད་ལྗོངས་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་གཙོ་ཟུར་པའི་ཞོར་འགན་འཁུར་ཡོད། ལས་ཀ་གཙོ་བོ་ནི་བོད་ཀྱི་རྩོམ་རིག་དང་འབྲེལ་བའི་སློབ་ཁྲིད་དང་ཉམས་ཞིབ་ཡིན། རྒྱབ་ཁབ་སྤྱི་ཚོགས་ཚན་རིག་གི་ལས་གཞི་གསུམ་ཙམ་བསྒྲུབས། «བོད་ཀྱི་རྩོམ་པའི་རྣམ་གཞག་གི་ཤེས་བྱ་གཅེས་བཏུས»དང་། «བརྩམས་སྒྲུང་དང་རིག་གནས» «ཤེལ་ལེ་ཡི་སྙན་ངག་གཅེས་བསྡུས» «གྱང་ཆག»«དམར་པོ་དང་ནག་པོ»བཅས་པར་དུ་བསྐྲུན། སྔ་རྟིང་དུ་བོད་རང་སྐྱོང་ལྗོངས་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་ཕུལ་བྱུང་གྲུབ་འབྲས་ཀྱི་གཟེངས་བསྟོད་ཨང་དང་པོ་དང་ཨང་གསུམ་པ། རྒྱལ་ཡོངས་དེང་རབས་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་ཞིབ་འཇུག་གསར་རྩོམ་གྱི་བྱ་དགའ། གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ། ཟླ་ཟེར་རྩོམ་རིག་བྱ་དགའ། མི་རིགས་ཀྱི་རྩོམ་རིག་བྱ་དགའ་བཅས་ཐོབ་མྱོང་།

- 2025.12.20
དཔེ་ཆའི་རིགས།
དཔྱད་རྩོམ་གྱི་རིགས།
རྩོམ་སྐུར་ཡིག་ཟམ། bzstudies@126.com 投稿邮箱
© bzstudies.com 2024-2028 / All rights reserved / 喳喳文学研究平台版权所有 / པར་དབང་ཐམས་ཅད་བོད་རྩོམ་ཞིབ་འཇུག་ལ་དབང་།
京ICP备19006092号-2 / 京网文(2019)2639-246号