མགོ་ཤོག > མི་སྣ།

ཚེ་རིང་སྐྱབས།

63     

མིང་གཞན། 才让加

ཞིབ་འཇུག་ཁྱབ་ཁོངས།བོད་ཀྱི་རྣམ་ཐར་རྩོམ་རིག

ལས་ཁུངས།ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན།

ངོ་སྤྲོད་བསྡུས་པ།ཚེ་རིང་སྐྱབས། ཕ་ཡུལ་ཨ་མཆོག་དབའ་སྣ། སྤྱི་ལོ༢༠༡༠ནས༢༠༡༧ལོའི་བར་ནུབ་བྱང་མི་རིགས་སློབ་ཆེན་ནས་བོད་ཀྱི་སྐད་ཡིག་རྩོམ་རིག་དང་ནང་བསྟན་རིག་གནས་སྐོར་ལ་སློབ་གཉེར་བྱས་ཤིང་། རིམ་པ་བཞིན་རབ་འབྱམས་པ་དང་འབུམ་རམས་པའི་བསླབ་གནས་བླངས། ད་ལྟ་ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་མོ་དང་། «ཀན་ལྷོའི་མི་རིགས་རིག་གནས་ཞིབ་འཇུག»དུས་དེབ་ཀྱི་གཙོ་སྒྲིག་གཞོན་པ། «ཀན་སུའུ་དགེ་འོས་མཐོ་རིམ་སློབ་གྲྭའི་རིག་དེབ»ཀྱི་རྩོམ་སྒྲིག་པ་བཅས་ཀྱི་འགན་གཅིག་ལྕོགས་སུ་འཁུར་ཡོད། སྔ་གཞུག་ཏུ། «ཀྲུང་གོའི་བོད་རིག་པ»དང«བོད་ལྗོངས་ཞིབ་འཇུག» «འཛམ་གླིང་ཆོས་ལུགས་རིག་གནས»སོགས་དུས་དེབ་མང་པོར་རྒྱ་བོད་ཡིག་རིགས་གཉིས་ཀྱི་ལམ་ནས་རིག་གཞུང་དཔྱད་རྩོམ་སུམ་ཅུ་ལྷག་སྤེལ། ༢༠༢༠ལོར། «བོད་ཀྱི་རྣམ་ཐར་རྩོམ་རིག་ཞིབ་འཇུགI»ཅེས་པ་སྒྲིག་རྩོམ་དང་དཔར་བསྐྲུན་བྱས། ༢༠༢༤ལོར། ལོ་ཙཱའི་དེབ«བོད་ཀྱི་རྣམ་ཐར་རྩོམ་རིག་ཞིབ་འཇུགII»ཅེས་པ་དཔར་སྐྲུན་རེ་ཞུ་བརྒྱབ། དེ་ལས་གཞན། བོད་ཀྱི་བརྙན་དཔྱད་རྩོམ་རིག་དང་གློག་བརྙན་འཁྲབ་གཞུང་སྐོར་གྱི་དཔྱད་གཏམ་ཁ་ཤས«བོད་ཀྱི་རྩོམ་རིག་ཞིབ་འཇུག»དང«ཟླ་ཟེར།»«མཚོ་སྔོན་པོའི་རྩོམ་རིག་སྒྱུ་རྩལ»སོགས་སུ་སྤེལ། ད་ལྟའི་བར། རྒྱལ་ཁབ་རིམ་པའི་ལས་གཞི་གཅིག་དང་། པུའུ་རིམ་པའི་ལས་གཞི་གཅིག ཞིང་ཆེན་རིམ་པའི་ལས་གཞི་གཅིག སློབ་གྲྭ་རིམ་པའི་ལས་གཞི་གཅིག་བཅས་གཙོ་སྐྱོང་བྱས།

- 2026.01.09
དཔེ་ཆའི་རིགས།
དཔྱད་རྩོམ་གྱི་རིགས།
རྩོམ་སྐུར་ཡིག་ཟམ། bzstudies@126.com 投稿邮箱
© bzstudies.com 2024-2028 / All rights reserved / 喳喳文学研究平台版权所有 / པར་དབང་ཐམས་ཅད་བོད་རྩོམ་ཞིབ་འཇུག་ལ་དབང་།
京ICP备19006092号-2 / 京网文(2019)2639-246号