མགོ་ཤོག > མི་སྣ།

པདྨ་ཚེ་རིང་།

75     

མིང་གཞན། 完么才让

ཞིབ་འཇུག་ཁྱབ་ཁོངས།ཏུན་ཧོང་ཡིག་རྙིང་། བོད་ཀྱི་ལོ་རྒྱུས་ཡིག་ཚང་རིག་པ། བོད་ཀྱི་གནའ་རབས་ཡིག་ཚང་།

ལས་ཁུངས།མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་།

ངོ་སྤྲོད་བསྡུས་པ།པདྨ་ཚེ་རིང་། ཕོ། བོད་རིགས། ༡༩༨༥ལོའི་ཟླ་༥པར་མཚོ་སྔོན་རེབ་གོང་ནས་སྐྱེས། ཀྲུང་དབྱང་མི་རིགས་སློབ་ཆེན་དང་ནུབ་བྱང་མི་རིགས་སློབ་ཆེན་ནས་རབ་འབྱམས་པ་དང་འབུམ་རམས་པའི་བསླབ་གནས་བླངས། ༢༠༡༢ལོ་ནས་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་ལས་ཀ་གཉེར། ད་ལྟ་མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་མོ་ཡིན། ཞིབ་འཇུག་ཁ་ཕྱོགས་ནི་ཏུན་ཧོང་ཡིག་རྙིང་དང་། བོད་ཀྱི་ལོ་རྒྱུས་ཡིག་ཚང་རིག་པ། བོད་ཀྱི་གནས་རབས་ཡིག་ཚང་བཅས་ཡིན། «ཏུན་ཧོང་དང་ལི་ཡུལ་ནས་རྙེད་པའི་བོད་ཀྱི་འཕྲིན་ཡིག་གི་རིགས་དང་དེའི་རྣམ་གཞག་ལ་དཔྱད་པ»དང«ཏུན་ཧོང་རྒྱུད་གཞུང<འཕགས་པ་ཐབས་ཀྱི་ཞགས་པ་ཞེས་བྱ་བ་པད་མ་འཕྲེང་གི་དོན་བསྡུས་པའྀ་འགྲེལ་པཱ>ཡི་པར་གཞི་བསྡུར་དཔྱོད»སོགས་དཔྱད་རྩོམ་ཉི་ཤུར་ཉེ་བ་རིག་གཞུང་དུས་དེབ་ཏུ་བཀོད་ཅིང་། «ཀན་སུའུ་ས་ཁུལ་དུ་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་རྙིང་(གླེགས་བམ༣༠)»སོགས་ཡིག་རྙིང་ལེགས་སྒྲིག་དེབ་དྲུག་བཅུ་ལྷག་གི་རྩོམ་སྒྲིག་ལ་ཞུགས་ཤིང་། «བོད་ཀྱི་སྔ་དར་ཡི་གེའི་ལོ་ཚིགས་དཔྱོད་ཐབས་གླེང་བ»དང«ཀྲུང་གོའི་དམའ་འབྲིང་སློབ་མའི་ཤེས་བྱ་ཀུན་བཏུས»སོགས་རྒྱ་བོད་དབྱིན་གསུམ་གྱི་འགྱུར་ཆོས་ཉི་ཤུ་ལྷག་དཔེ་སྐྲུན་བྱས་ཡོད། མིག་སྔར་མཚོ་སྔོན་ཞིང་ཆེན་ཁུ་ནུ་ཤེས་ཡོན་ཅན་རྩེར་སོན་ཤེས་ལྡན་མི་སྣའི་གྲས་སུ་བདམས་ཤིང་། དེའི་ཞིབ་འཇུག་གསར་གཏོད་ཚོགས་པ་གཅིག་གི་སྣེ་ཁྲིད་པ་ཡིན། རྒྱལ་ཁབ་རིམ་པའི་གཙོ་གནད་ལས་གཞི་གཅིག་ལ་ཞུགས་པ་དང་། རྒྱལ་ཁབ་རིམ་པའི་ན་གཞོན་ལས་གཞི་གཅིག་བདེ་བླག་ངང་གྲུབ་པ་མ་ཟད། རྒྱལ་ཁབ་རིམ་པའི་དཀྱུས་མའི་ལས་གཞི་གཅིག་ལ་གཙོ་སྐྱོང་གནང་བཞིན་ཡོད།

- 2026.01.12
དཔེ་ཆའི་རིགས།
དཔྱད་རྩོམ་གྱི་རིགས།
རྩོམ་སྐུར་ཡིག་ཟམ། bzstudies@126.com 投稿邮箱
© bzstudies.com 2024-2028 / All rights reserved / 喳喳文学研究平台版权所有 / པར་དབང་ཐམས་ཅད་བོད་རྩོམ་ཞིབ་འཇུག་ལ་དབང་།
京ICP备19006092号-2 / 京网文(2019)2639-246号