མགོ་ཤོག > མི་སྣ།

བསེ་ཆང་སངས་རྒྱས་དོན་གྲུབ།

86     

མིང་གཞན། 桑吉东知

ཞིབ་འཇུག་ཁྱབ་ཁོངས།བོད་ཀྱི་རྩོམ་རིག་དང་ཏུན་ཧོང་ཡིག་རྙིང་།

ལས་ཁུངས།མཚོ་སྔོན་མི་རིགས་སློབ་ཆེན།

ངོ་སྤྲོད་བསྡུས་པ།བསེ་ཆང་སངས་རྒྱས་དོན་གྲུབ། 1989ལོར་མཚོ་སྔོན་ཡ་རྫིའི་བསེ་ཆང་ཡུལ་དུ་སྐྱེས། 2014ལོར་ཀྲུང་དབྱང་མི་རིགས་སློབ་ཆེན་ནས་ཤེས་རམས་པ་དང་2017ལོར་ནུབ་བྱང་མི་རིགས་སློབ་ཆེན་ནས་འབུམ་རམས་པའི་སློབ་མཐར་ཕྱིན། ད་ལྟ་མཚོ་སྔོན་མི་རིགས་སློབ་ཆེན་གྱི་རྩོམ་རིག་དང་གསར་འགྱུར་ཁྱབ་སྤེལ་སློབ་གླིང་གི་དགེ་རྒན་ཆེན་མོ་གཞོན་པ་དང་ཤེས་རམས་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན་ཡིན། ཞིབ་འཇུག་དང་སློབ་ཁྲིད་ཀྱི་ཁ་ཕྱོགས་གཙོ་བོ་ཏུན་ཧོང་རིག་པ་དང་བོད་རིག་པའི་སྐོར་ཡིན། རྒྱལ་ཁབ་རིམ་པའི་གཙོ་གནད་ལས་གཞི་གཅིག་ལེགས་པར་གྲུབ་པ་དང་། ད་ལྟ་རྒྱབ་ཁབ་རིམ་པའི་ཤེས་ལྡན་མི་སྣ་སྐྱེད་སྲིང་གི་ལས་གཞི་གཅིག་སྒྲུབ་བཞིན་ཡོད། «བོད་ཀྱི་རབ་རྟོག་བརྩམས་སྒྲུང་ལ་དཔྱད་པ»ཞེས་པའི་ཆེད་དེབ་པར་སྐྲུན་དང་། བོད་རྒྱ་ཡིག་རིགས་གཉིས་ཀྱི་ལམ་ནས«ཀྲུང་གོའི་བོད་རིག་པ»དང«བོད་ལྗོངས་ཞིབ་འཇུག»«བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་དེབ»«སྦྲང་ཆར»«བོད་ཀྱི་རྩོམ་རིག་སྒྱུ་རྩལ»སོགས་ཀྱི་དུས་དེབ་སྟེང«ཐའེ་ཝན་ས་ཁུལ་གྱི་ཏུན་ཧོང་བོད་ཡིག་ཡིག་ཆའི་ཉར་ཚགས་དང་ཞིབ་འཇུག་སྐོར་གླེང་བ»«སྟག་འབུམ་རྒྱལ་གྱི་སྒྲུང་ཐུང་གི་མཇུག་སྡུད་སྟངས་སྐོར་གླེང་བ»སོགས་ཀྱི་རིག་གཞུང་དཔྱད་རྩོམ་60ལྷག་སྤེལ། འབུམ་རམས་པའི་བསླབ་གནས་དཔྱད་རྩོམ་ལ་2017ལོའི་ཀན་སུའུ་ཞིང་ཆེན་ཕུལ་བྱུང་བསླབ་གནས་དཔྱད་རྩོམ་གྱི་གཟེངས་རྟགས་ཐོབ། སྔ་ཕྱིར་མཚོ་སྔོན་ཞིང་ཆེན་གྱི་ཁུ་ནུ་ཤེས་ལྡན་མི་སྣ་ལས་རྩེར་སོན་ཤེས་ལྡན་མི་སྣ་དང་རྒྱལ་ཁབ་རིམ་པའི་གཞོན་སྐྱེས་ཤེས་ལྡན་མི་སྣའི་གྲས་སུ་བདམས།

- 2026.01.19
དཔེ་ཆའི་རིགས།
དཔྱད་རྩོམ་གྱི་རིགས།
རྩོམ་སྐུར་ཡིག་ཟམ། bzstudies@126.com 投稿邮箱
© bzstudies.com 2024-2028 / All rights reserved / 喳喳文学研究平台版权所有 / པར་དབང་ཐམས་ཅད་བོད་རྩོམ་ཞིབ་འཇུག་ལ་དབང་།
京ICP备19006092号-2 / 京网文(2019)2639-246号