མགོ་ཤོག > མི་སྣ།

དགོན་བཀྲ་ཤིས་དོན་གྲུབ།

20     

མིང་གཞན། རླུང་ནག་འཚུབ་མ། 独行侠

ཞིབ་འཇུག་ཁྱབ་ཁོངས།བོད་ཀྱི་དེང་རབས་རྩོམ་རིག

ལས་ཁུངས།ཀླུ་ཆུ་རྫོང་བོད་རིགས་སློབ་འབྲིང་།

ངོ་སྤྲོད་བསྡུས་པ།བཀྲ་ཤིས་དོན་གྲུབ། མིང་གཞན་རླུང་ནག་འཚུབ་མ་ཞེས་སུ་འབོད། ཕ་ཡུལ་ཀན་ལྷོའི་ཀླུ་ཆུ་ནས་ཡིན། 2007ལོར་ནུབ་བྱང་མི་རིགས་སློབ་ཆེན་བོད་སྐད་ཡིག་རིག་གནས་སློབ་གླིང་ནས་དངོས་གཞི་སློབ་མ་མཐར་ཕྱིན། སློབ་ཐོན་དཔྱད་རྩོམ«གཏམ་དཔེ་དང<གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད>ལས་ཐོན་པའི་མཚོན་བྱེད་དཔེ་གཉིས་ཀྱི་གཤིབ་བསྡུར་རགས་བསྡུས»ཞེས་པ་སློབ་གླིང་གི་མཐར་ཕྱིན་དཔྱད་རྩོམ་ཕུལ་བྱུང་གི་གྲས་སུ་བདམས་པ་མ་ཟད། “གངས་ལྗོངས”རྟགས་མའི་སློབ་རའི་དཔྱད་རྩོམ་འགྲན་སྡུར་ཁྲོད་བྱ་དགའ་ཨང་དང་པོ་ཐོབ། 2013ལོར་སློབ་གླིང་དེ་ནས་རབ་འབྱམས་པའི་བསླབ་གནས་དམ་བཅའ་བཞག་སྟེ་སློབ་མཐར་ཕྱིན། སློབ་ཐོན་དཔྱད་རྩོམ«སྟག་འབུམ་རྒྱལ་གྱི་སྒྲུང་རྩོམ་གྱི་བསམ་བློའི་ནང་དོན་དང་སྒྱུ་རྩལ་གྱི་ཁྱད་ཆོས་ལ་དཔྱད་པ»ཅེས་པ་ལའང་བགྲོ་གླེང་གི་སྐབས་སུ་དཔྱད་འདེམས་ཚོ་ཆུང་གིས་གདེང་འཇོག་གང་ལེགས་གནང་བ་མ་ཟད། ཞིབ་འཇུག་སློབ་མའི་མཐར་ཕྱིན་དཔྱད་རྩོམ་ཕུལ་བྱུང་གི་གྲས་སུ་བདམས། «ནུབ་བྱང་མི་རིགས་སློབ་ཆེན་གྱི་རིག་གཞུང་དུས་དེབ»དང«སྦྲང་ཆར»གཙོས་པའི་དུས་དེབ་ཁག་ཅིག་ཏུ་དཔྱད་རྩོམ་དང་ལྷུག་རྩོམ། སྙན་རྩོམ་བཅས་བཅུ་ཕྲག་གཉིས་ལྷག་སྤེལ་མྱོང་། «སྟག་འབུམ་རྒྱལ་གྱི་སྒྲུང་རྩོམ་ཞིབ་འཇུག»ཅེས་པ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་དཔེ་སྐྲུན་འགྲེམ་སྤེལ་བྱས། ལས་ཞོར་དུ་ལྗོངས་ཞིང་ལྔའི་མཉམ་སྒྲིག་སློབ་གཞིའི་ཟུར་བརྒྱན་དེབ་གསུམ་རྩོམ་སྒྲིག་བྱས་ཡོད། ཀན་ལྷོ་ཁུལ་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་དང་། ཀན་སུའུ་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་བཅས་ཡིན་ལ། ད་ལྟ་ཀླུ་ཆུ་རྫོང་བོད་རིགས་སློབ་འབྲིང་གི་དགེ་རྒན་གྱི་བྱ་བའི་ཞོར་དུ་བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་གི་འབུམ་རམས་ཞིབ་འཇུག་སློབ་མའི་སློབ་གཉེར་ལ་བརྩོན་བཞིན་ཡོད།

- 2026.03.21
དཔེ་ཆའི་རིགས།
དཔྱད་རྩོམ་གྱི་རིགས།
རྩོམ་སྐུར་ཡིག་ཟམ། bzstudies@126.com 投稿邮箱
© bzstudies.com 2024-2028 / All rights reserved / 喳喳文学研究平台版权所有 / པར་དབང་ཐམས་ཅད་བོད་རྩོམ་ཞིབ་འཇུག་ལ་དབང་།
京ICP备19006092号-2 / 京网文(2019)2639-246号