མགོ་ཤོག > མི་སྣ།

གཉའ་བློ་གྲོས་རྒྱལ་མཚན།

10     

མིང་གཞན། ཟླ་བ་བློ་གྲོས།

ཞིབ་འཇུག་ཁྱབ་ཁོངས།སྙན་ངག་སོགས།

ལས་ཁུངས།མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།

ངོ་སྤྲོད་བསྡུས་པ།1950ལོར་མཚོ་སྔོན་ཞིང་ཆེན་དཔའ་ལུང་རྫོང་རྩ་བ་ཡུལ་ཚོའི་ཉིན་མགོ་སྡེ་བར་སྐྱེས། སྔ་ཕྱིར་ནུབ་བྱང་མི་རིགས་སློབ་ཆེན་དང་ལྷོ་ནུབ་མི་རིགས་སློབ་ཆེན། མཚོ་སྔོན་སྤྱི་ཚོགས་ཚན་རིག་ཁང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་བཅས་སུ་དགེ་རྒན་དང་ཞིབ་འཇུག་པ། «སྦྲང་ཆར»དུས་དེབ་ཀྱི་གཙོ་སྒྲིག་པ་བཅས་ཀྱི་བྱ་བ་གཉེར། རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་དང་མཚོ་སྔོན་ཞིང་ཆེན་གྱི་ཕུལ་བྱུང་ཆེད་ལས་ལག་རྩལ་མི་སྣ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཕོགས་དངུལ་ལོངས་སུ་སྤྱོད་པའི་ཆེད་མཁས་པ། མཚོ་སྔོན་ཞིང་ཆེན་ལྔ་ཕྲག་བཅུ་པའི་གསར་གཏོད་བྱས་རྗེས་ཅན་གྱི་སྔོན་ཐོན་མི་སྨ། རྒྱལ་ཡོངས་གསར་འགྱུར་དང་དཔེ་སྒྲུན་ཁོངས་གཏོགས་ཀྱི་སྔོན་ཐོན་ལས་བྱེད་པ་བཅས་ཀྱི་མཚན་སྙན་ཐོབ་མྱོང་། བརྩམས་ཆོས་ལ«གཉའ་བློ་གྲོས་རྒྱལ་མཚན་གྱི་རྩོམ་ཡིག་ཕྱོགས་བསྡུས»(པོད་གཉིས) དང«སྙན་ངག་གི་སྔོན་འགྲོ་ཁྱང་སྔོན་སྐྱེས་ཀྱི་རང་མདངས་གསར་པ»སོགས་གཙོ་སྒྲིག་བྱས་པའི་དཔེ་དེབ་བརྒྱ་ལྷག་ཡོད།

- 2026.04.30
དཔེ་ཆའི་རིགས།
དཔྱད་རྩོམ་གྱི་རིགས།
རྩོམ་སྐུར་ཡིག་ཟམ། bzstudies@126.com 投稿邮箱
© bzstudies.com 2024-2028 / All rights reserved / 喳喳文学研究平台版权所有 / པར་དབང་ཐམས་ཅད་བོད་རྩོམ་ཞིབ་འཇུག་ལ་དབང་།
京ICP备19006092号-2 / 京网文(2019)2639-246号