མགོ་ཤོག > མི་སྣ།

བསྟན་འཛིན་དོན་གྲུབ།

15     

མིང་གཞན། བསྟན་འཛིན་དོན་གྲུབ།

ཞིབ་འཇུག་ཁྱབ་ཁོངས།བཀའ་གདམས་རྩོམ་རིག། བོད་པའི་དཔེ་ཆོས།

ལས་ཁུངས།བོད་ལྗོངས་སློབ་ཆེན།

ངོ་སྤྲོད་བསྡུས་པ།བསྟན་འཛིན་དོན་གྲུབ། ༡༩༦༩ལོར་རྭ་སྒྲེང་དུ་སྐྱེས། བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་གི་དགེ་རྒན་ཆེན་མོ་དང་། འབུམ་རམས་པ་དང་ཤེས་རམས་སློབ་མའི་སློབ་དཔོན་ཡིན་ཞིང་། སློབ་གྲྭ་ཆུང་འབྲིང་འགྲིམས་ཞོར་དུ་རྭ་སྒྲེང་མཁན་རིན་པོ་ཆེ་ཡེ་ཤེས་རྣམ་པར་འདྲེན་པའི་དཔལ་དང་། སྟག་ལུང་མཁས་གྲུབ་ཆེན་པོ་འཇམ་དབྱངས་ཆོས་ཀྱི་གྲགས་པ་སོགས་བསམ་པ་དང་སྦྱོར་བས་ཚུལ་བཞིན་བསྟེན་ཏེ། ནང་པའི་གཞུང་དང་རིག་གནས་དག་ལ་ཐོས་བསམ་བྱས། བོད་ལྗོངས་སློབ་ཆེན་ནས་ཤེས་རམས་སློབ་གནས་བླངས་རྗེས་སླར་ཡང་ནུབ་བྱང་མི་རིགས་སློབ་ཆེན་དུ་དགེ་རྒན་ཆེན་མོ་དོར་ཞི་གདོང་དྲུག་སྙེམས་པའི་བློ་ལྡན་མཆོག་གི་ཞབས་པད་ཡན་ལག་མཆོག་གི་སྤོ་ལ་བསྟེན་ནས་འབུམས་རམས་པའི་སློབ་གནས་བླངས། སློབ་མ་སྐྱོང་བའི་ཞོར་དུ་བརྩམས་དེབ«བཀའ་གདམས་རྩོམ་རིག་གསལ་བའི་སྒྲོན་མ»དང་། «དབྱིན་ཡིག་བློ་གསར་འཇུག་སྒོ།» «བོད་པའི་དཔེ་ཆོས།»གསུམ་པར་དུ་བསྐྲུན་ཅིང་། སྔ་ཕྱིར་རྒྱལ་ཁབ་རིམ་པའི་ཞིབ་འཇུག་རྣམ་གྲངས་གཉིས་དང་ལྗོངས་རིམ་པ་གཉིས། སློབ་གྲྭ་དང་སློབ་གླིང་རིམ་པའི་ཞིབ་འཇུག་རྣམ་གྲངས་ལྔ་བཅས་ལ་ཞིབ་འཇུག་བྱས་ཤིང་། གཞན་ཡང་རིག་དེབ་འདྲ་མིན་སྟེང་དུ་དཔྱད་རྩོམ་སུམ་ཅུ་ལྷག་སྤེལ་ཏོ།།

- 2026.05.08
དཔེ་ཆའི་རིགས།
དཔྱད་རྩོམ་གྱི་རིགས།
རྩོམ་སྐུར་ཡིག་ཟམ། bzstudies@126.com 投稿邮箱
© bzstudies.com 2024-2028 / All rights reserved / 喳喳文学研究平台版权所有 / པར་དབང་ཐམས་ཅད་བོད་རྩོམ་ཞིབ་འཇུག་ལ་དབང་།
京ICP备19006092号-2 / 京网文(2019)2639-246号