18
2
མིང་གཞན།:
དོན་གྲུབ་ཚེ་རིང་།
སྨྲེང་བུ།
ཞིབ་འཇུག་ཁྱབ་ཁོངས།:བོད་ཀྱི་རྩོམ་རིག།
ལས་ཁུངས།:བོད་ལྗོངས་སློབ་ཆེན།
ངོ་སྤྲོད་བསྡུས་པ།:བྱ་མདོ་དོན་གྲུབ་ཚེ་རིང་། སྐྱེས་མིང་ལ་དོན་གྲུབ་ཚེ་རིང་། སྨྱུག་མིང་ལ་སྨྲེང་བུ། ཕ་ཡུལ་མདོ་སྨད་མང་རྫོང་བྱ་མདོ། བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་རྩོམ་རིག་ཚན་ཁག་གི་དགེ་རྒན་ཆེན་མོ། སྒྱུ་རྩོམ་རིག་པའི་འབུམ་རམས་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན། ཀྲུང་གོའི་གྲངས་ཉུང་མི་རིགས་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི། བོད་ལྗོངས་རྩོམ་པ་པོའི་མཐུན་ཚོགས་ཀྱི་ལས་འཛིན། ཀྲུང་གོའི་སྒྱུ་རྩོམ་དཔྱད་བརྗོད་བོད་ལྗོངས་སློབ་ཆེན་གྱི་རྟེན་གཞི་ལས་ཀའི་ཨུ་ཡོན། «བོད་ཀྱི་རྩོམ་རིག་སྒྱུ་རྩལ»རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ཡིན། དང་པོ། རྩོམ་རིག་གསར་རྩོམ་གྱི་སྐོར། 1.«ཁང་བ་སྔོན་པོའི་གཏམ་རྒྱུད» (སྙན་ངག་དང་ལྷུག་རྩོམ) (1987-2007) ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༠༧ལོ།
2.«སྨྲེང་བུའི་འདྲ་འབག» (ལྷུག་རྩོམ) མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༢ལོ།
3.«མཁའ་དབྱིངས་ལ་ཕྱོགས་པ—སྨྲེང་བུའི་སྙན་ངག་ལེགས་བསྒྲིགས» (2004-2024) བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༢༤ལོ།
གཉིས་པ། སྒྲིག་རྩོམ་གྱི་སྐོར།
1.«རྩོམ་ཉམས་དཔེ་ཁྲིད» མི་རིགས་དཔེ་སྐྲུན་ཁང་། ༢༠༠༨ལོ།
2.«བོད་རྩོམ་འཕྱོར་འབྲི་དང་སྒྱུ་རྩལ་མྱོང་རོལ» (མཉམ་འབྲེལ) བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༠༩ལོ།
3.«འཕྲིན་ཡིག་བརྒྱ་རྩ་ཕྱོགས་བསྒྲིགས་མར་མེའི་རྩེ་མོ» བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༤ལོ།
4.«ལྷུག་རྩོམ་སུམ་ཅུ་པ་དང་དཔྱད་པ་ཚིག་གསུམ» བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༥ལོ།
5.«བོད་སྐད་འཁྲབ་གཞུང་གི་གསར་རྩོམ་དང་མྱོང་རོལ» མི་རིགས་དཔེ་སྐྲུན་ཁང་། ༢༠༡༦ལོ།
6.«བོད་ཀྱི་དེང་རྩོམ་སྤྱི་བཤད» (མཉམ་འབྲེལ) མི་རིགས་དཔེ་སྐྲུན་ཁང་། ༢༠༡༧ལོ།
7.«རྒྱ་བོད་དབྱིན་གསུམ་སྤྱི་ཚོགས་ཚན་རིག་གི་ཚིག་མཛོད་ཆེན་མོ» (མཉམ་འབྲེལ) ཧྲང་ཝུ་དཔེ་སྐྲུན་ཁང་། ༢༠༢༢ལོ།
གསུམ་པ། བསྒྱུར་རྩོམ་གྱི་སྐོར།
1.«འཛམ་གླིང་རྩོམ་རིག་ལོ་རྒྱུས་གནད་བསྡུས» (མཉམ་འབྲེལ) མི་རིགས་དཔེ་སྐྲུན་ཁང་། ༢༠༡༤ལོ།
2. «ས་ཁམས་གསར་རྙེད་ཆེན་མོ» (མཉམ་འབྲེལ) མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༨ལོ།
བཞི་པ། ལེགས་བསྒྲིགས་ཀྱི་སྐོར།
1.«མཁས་པའི་ཞལ་གདམས» བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༠༤ལོ།
2.«མི་སྣ་གྲགས་ཅན་གྱི་གདམས་ངག་གཅེས་བཏུས» མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༥ལོ།
3.«བོད་ཀྱི་དམངས་རྩོམ་མྱུར་སྐྱོབ་ལེགས་བསྒྲིགས་དེབ་ཕྲེང» སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༦ལོ།
4.«བོད་ཀྱི་རྩོམ་རིག་ཞིབ་འཇུག» (མཉམ་འབྲེལ) མི་རིགས་དཔེ་སྐྲུན་ཁང་། ༢༠༡༦ལོ།
5.«རྩོམ་རིག་གནའ་གཏམ་པོ་ཏི་སྨུག་ཆུང» བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༢༢ལོ།
ལྔ་པ། ཞིབ་འཇུག་ལས་གཞིའི་སྐོར།
1.«བོད་ཀྱི་ད་རབས་རྩོམ་རིག་ལོ་ཚིགས་ཀུན་གསལ་མེ་ལོང» (1980-2015) རྒྱལ་ཁབ་རིམ་པ། ༢༠༡༢ལོ།
2.«བོད་ཀྱི་ད་རབས་གློག་བརྙན་འཕྲིན་རྩོམ་རིག་ཞིབ་འཇུག» རྒྱལ་ཁབ་རིམ་པ། ༢༠༡༧ལོ།
3.«བོད་ཀྱི་ཟློས་གར་རྩོམ་རིག་གི་དོན་བརྗོད་འགྱུར་བ་ལ་དཔྱད་པ» རྒྱལ་ཁབ་རིམ་པ། ༢༠༢༥ལོ།
4.«དབུས་གཙང་དམངས་ཁྲོད་ཚིག་རྒྱག་གླུ་གཞས་ཀྱི་འཚོལ་སྒྲིག་དང་ཞིབ་འཇུག» ཞིང་ཆེན་རིམ་པ། ༢༠༡༧ལོ།