མགོ་ཤོག > མི་སྣ།

ཆོས་སྐྱོང་།

6     

མིང་གཞན། ཨ་བུ།

ཞིབ་འཇུག་ཁྱབ་ཁོངས།རྩོམ་སྒྲིག་པ། ཞིབ་འཇུག་པ། ལོ་ཙཱ་བ།

ལས་ཁུངས།«སྦྲང་ཆར»རྩོམ་སྒྲིག་ཁང་།

ངོ་སྤྲོད་བསྡུས་པ།ཆོས་སྐྱོང་། མིང་གཞན་ལ་ཨ་བུ་ཟེར། 1978ལོར་མཚོ་སྔོན་ཞོན་ཧྭ་རྡོ་སྦིས་རྒྱ་ཚང་སྡེ་བར་སྐྱེས། 1994ལོ་ནས1998ལོའི་བར་ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པ་སློབ་གླིང་དུ་དངོས་གཞིའི་སྦྱང་ཚན་གཉེར། 1999ལོ་ནས2001ལོའི་བར་སློབ་གྲྭ་དེ་གའི་བོད་ཀྱི་གནའ་རབས་ལོ་རྒྱུས་གསོ་སྦྱོང་འཛིན་གྲྭ་འགྲིམས། 2017ལོར། ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མིའི་གྲས་སུ་ཞུགས། ད་ལྟ«སྦྲང་ཆར»རྩོམ་སྒྲིག་ཁང་དུ་རྩོམ་སྒྲིག་པའི་ལས་ཀ་སྒྲུབ་མུས་ཡིན། «པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོའི་གསུང་འབུམ»དང«དུས་རབས་21པའི་བོད་ཀྱི་རྩོམ་པོའི་དེབ་ཕྲེང»«ཀྲུང་གོའི་བོད་ཀྱི་དེང་རབས་རྩོམ་རིག་གཅེས་བཏུས»སོགས་ཀྱིས་མཚོན་པའི་དེབ་མང་བོའི་རྩོམ་སྒྲིག་དང་པར་ཞུའི་ཚོགས་ཅུང་ཙམ་བསགས། «བསྒྱུར་རྩོམ་མུ་ཏིག་ཕྲེང་མཛེས»དང«ཀྲུང་གོའི་དེང་རབས་རྩོམ་རིག་བརྩམས་ཆོས་གཅེས་བཏུས»བཅས་བོད་འགྱུར་གྱི་ལོ་ཙཱའི་ཕན་ཏིལ་ཙམ་བཏགས། མི་སྒེར་གྱི་བརྩམས་ཆོས་ལ«རང་གྲོལ་ཞིབ་འཇུག»དང«ཟིང་ལོང་རྡེའུ་འགྲེམས» «རྡུལ་འཚུབ་ལང་ལོང»(བོད་འགྱུར) «འཛམ་གླིང་ཤེས་རིག་གི་བྱུང་བ་མདོ་ཙམ་བརྗོད་པ»(བོད་འགྱུར) «གྱང་ཆག»(རྒྱ་འགྱུར)སོགས་མང་བོ་མཆིས། སྒྲུང་གཏམ་དང་ལྷུག་རྩོམ། དཔྱད་བརྗོད། འགྱུར་རྩོམ་བཅས་པའི་རྩོམ་ཡིག་ཁ་གྲངས་ལོངས་པ་ཞིག་བོད་ཁམས་ཀྱི་ཚགས་དེབ་ཁག་ཏུ་སྤེལ་ཅིང་། «རང་གྲོལ་ཞིབ་འཇུག»ཐེ་བའི་བརྩམས་ཆོས་སྐོར་ཞིག«སྦྲང་ཆར་ལོ་འཁོར20དཔེ་ཚོགས»དང«ཀྲུང་གོའི་བོད་ཀྱི་དེང་རབས་རྩོམ་རིག་གཅེས་བཏུས»སོགས་དཔེ་ཚོགས་ཆེ་གྲས་དག་ཏུ་བདམས་པར་མ་ཟད། ཡིག་རིགས་གཞན་དུ་འགྱུར་བའང་རེ་གཉིས་མཆིས། རྩོམ་རིག་དཔྱད་བརྗོད«ཕྱིར་འཁོར་བ»ཞེས་པར་སྐབས་དྲུག་པའི“སྦྲང་ཆར་རྩོམ་རིག་བྱ་དགའ”རག་ལ། ཆེད་དེབ་ཐོག་མ«རང་གྲོལ་ཞིབ་འཇུག»ཅེས་པར་མཚོ་སྔོན་ཞིང་ཆེན་གྱི་ཆེས་ཐོག་མའི“རྩོམ་རིག་སྒྱུ་རྩལ་དཔྱད་བརྗོད་བྱ་དགའ”ཨང་དང་པོ་དང་། སྐབས་བདུན་པའི“རྒྱལ་ཡོངས་གྲངས་ཉུང་མི་རིགས་རྩོམ་རིག་ཞིབ་འཇུག་བྱ་དགའ”ཐོབ། བོད་འགྱུར་སྒྲུང་གཏམ«གཞས་དབྱུག»ཅེས་པར2015ལོའི«མི་རིགས་རྩོམ་རིག»གི་ལོ་ཙཱའི་བྱ་དགའ་ཐོབ་པ་བཅས་ཀྱིས་མཚོན་ཞིང་ཆེན་ཕྱི་ནང་དང་སྤྱི་སྒེར་གཉིས་ཀྱི་གཟིགས་བཟོས་མང་བོ་བུ་ལོན་གྱི་གསོས་སུ་ཉར་ཡོད། སྙན་ཞུ་རྩོམ་རིག«བྱེ་མཁན་གྱི་དྲི་ཞིམ་འཐུལ་བའི་གནས་དེ་ན»ཞེས་པར། 2018ལོའི་བོད་ཀྱི་རྩོམ་རིག་སྒྱུ་རྩལ་གྱི་ལོ་ཟུང་བྱ་དགའ་ཐོབ། ད་ལྟ་བོད་ལྗོངས་སློབ་ཆེན་གྱི2023ལོའི་སྒྱུ་རྩོམ་རིག་པའི་འབུམ་རམས་སློབ་མ་ཡིན།

- 2026.09.16
དཔེ་ཆའི་རིགས།
དཔྱད་རྩོམ་གྱི་རིགས།
རྩོམ་སྐུར་ཡིག་ཟམ། bzstudies@126.com 投稿邮箱
© bzstudies.com 2024-2028 / All rights reserved / 喳喳文学研究平台版权所有 / པར་དབང་ཐམས་ཅད་བོད་རྩོམ་ཞིབ་འཇུག་ལ་དབང་།
京ICP备19006092号-2 / 京网文(2019)2639-246号