མགོ་ཤོག > མི་སྣ།

སངས་རྒྱས།

9     

མིང་གཞན།:

ཞིབ་འཇུག་ཁྱབ་ཁོངས།:རྩོམ་རིག། ལོ་ཙཱ།

ལས་ཁུངས།: མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ།

ངོ་སྤྲོད་བསྡུས་པ།:སངས་རྒྱས། 1951ལོར་མཚོ་སྔོན་རེབ་གོང་དུ་འཁྲུངས་པ་དང་། མཚོ་སྔོན་མི་རིགས་སློབ་གླིང་གི་རབས་དང་པོའི་ཞིབ་འཇུག་སློབ་མ་ཡིན། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་གི་གླིང་གཙོ་ཟུར་པ་དང་། འབུམ་རམས་པའི་མཛུབ་སྟོན་དགེ་རྒན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཕོགས་དངུལ་ལོངས་སྤྱོད་པའི་ཆེད་མཁས་པ་བཅས་ཡིན། སྔ་ཕྱིར་རྒྱལ་ཡོངས་སློབ་གྲྭ་ཆུང་འབྲིང་གི་བོད་ཡིག་བསླབ་གཞི་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚོགས་མི་དང་། རྒྱལ་ཡོངས་བོད་སྐད་བརྡ་ཆད་གསར་བ་ལོ་ཙཱ་ཞིབ་བཤེར་གཏན་འབེབས་ཀྱི་ཆེད་མཁས་པ་སོགས་ཀྱི་འགན་ཡང་བཞེས་མྱོང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་དུ་ཕྱག་ལས་གནང་སྐབས། “རྒྱལ་ཡོངས་དཔེ་སྐྲུན་ལས་མཛད་ཕུལ་བྱུང་པ་བརྒྱ་ཞེས་པའི་མཚན་སྙན་ཐོབ། 2021ལོར«དེང་རབས་རྒྱ་ཡིག་ཚིག་མཛོད»ཀྱི་རྒྱ་བོད་ལོ་ཙཱའི་དབུ་བཞུགས་ཆེད་མཁས་པའི་འགན་བཞེས་ཏེ་པར་སྐྲུན་མཛད། 2022ལོར་རྒྱལ་ཁབ་ལོ་ཙཱ་མཐུན་ཚོགས་ཀྱིས་བསླབ་པ་ཟབ་པའི་ལོ་ཙཱ་བ་ཞེས་པའི་མཚན་སྙན་བསྩལ། བརྩམས་ཆོས་ཀྱི་སྐོར་ལ«མདོ་མཛངས་བླུན»སོགས་པོད་བརྒྱད་ཙམ་མཆིས།

- 2026.10.18
དཔེ་ཆའི་རིགས།
དཔྱད་རྩོམ་གྱི་རིགས།
རྩོམ་སྐུར་ཡིག་ཟམ། bzstudies@126.com 投稿邮箱
© bzstudies.com 2024-2028 / All rights reserved / 喳喳文学研究平台版权所有 / པར་དབང་ཐམས་ཅད་བོད་རྩོམ་ཞིབ་འཇུག་ལ་དབང་།
京ICP备19006092号-2 / 京网文(2019)2639-246号