མགོ་ཤོག > མི་སྣ།

གོ་ཤུལ་གྲགས་པ་འབྱུང་གནས།

18     

མིང་གཞན།: ཚངས་སྲས་བཞད་པའི་སྒྲ་དབྱངས།

ཞིབ་འཇུག་ཁྱབ་ཁོངས།:བོད་ཀྱི་སྐད་ཡིག་དང་རྩོམ་རིག།

ལས་ཁུངས།:ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ།

ངོ་སྤྲོད་བསྡུས་པ།:གོ་ཤུལ་གྲགས་པ་འབྱུང་གནས་ནི་ཁམས་སྟོད་ཡུལ་ཤུལ་ཁྲི་འདུ་རྫོང་ནས་སྐྱེས་ཤིང་། རིམ་པར་སློབ་གྲྭ་ཆུང་འབྲིང་སོགས་བརྒྱུད་དེ། 1985ལོར་མཚོ་སྔོན་མི་རིགས་སློབ་གླིང་གི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སྡེ་ཁག་ནས་དངོས་གཞི་མཐར་ཕྱིན་ཅིང་། 1988ལོར་ནུབ་བྱང་མི་རིགས་སློབ་གླིང་ནས་རྩོམ་རིག་རབ་འབྱམས་པའི་བསླབ་གནས་ཐོབ་སྟེ་ཀྲུང་དབྱང་མི་རིགས་སློབ་གླིང་དུ་དགེ་རྒན་གྱི་བྱ་བ་གཉེར། སློབ་གྲྭ་དེ་གའི་བོད་རིག་པ་ཞིབ་འཇུག་སློབ་གླིང་གི་དངོས་གཞི་དང་ཞིབ་འཇུག་སློབ་མར་གནའ་རྩོམ་དང་མངོན་བརྗོད་རིག་པ་སོགས་སློབ་ཚན་བཅུ་གྲངས་ལྷག་ཁྲིད་ཅིང་། 2001ལོར་ཤེས་རམས་པའི་མཛུབ་སྟོན་དགེ་རྒན་དུ་བདམས་ལ། 2012ལོར་འབུམ་རམས་པའི་མཛུབ་སྟོན་དགེ་རྒན་དུ་བདམས། 2017ལོར་ལས་འཁྱུར་བྱས། «སློབ་གྲྭ་ཆེན་མོའི་བོད་ཡིག་སློབ་དེབ་ཤར་གངས་རི་མ»སོགས་སློབ་དེབ་དང་། «རྩོམ་ལུས་ཞིབ་འཇུག་དབྱངས་ཅན་ཞལ་ལུང»སོགས་ཆེད་དེབ་སྐོར་ཞིག་བརྩམས་ལ། ལྷག་པར། 1992ལོར་པར་དུ་བསྐྲུན་པའི«གངས་ཅན་མཁས་གྲུབ་རིམ་བྱོན་གྱི་མིང་མཛོད»ནི་བོད་ཀྱི་མཁས་གྲུབ་རིམ་བྱོན་གྱི་མི་སྣའི་མིང་མཛོད་ཐོག་མ་ཡིན་ལ། 2015ལོར་པར་དུ་བསྐྲུན་པའི«བོད་ཀྱི་ཡི་གེའི་རྣམ་བཤད»ཅེས་པ་ནི་རྩོམ་པ་པོས་མི་ལོ་བཅུ་བཞིའི་རིང་གི་སློབ་ཁྲིད་དང་ཞིབ་འཇུག་གི་དགོས་མཁོ་ལ་དམིགས་ནས་ཡི་གེའི་སྡེབ་སྦྱོར་རིག་པའི་གཞུང་ལུགས་ལྟར་བྱུང་བའི་བོད་ཡིག་ཚེག་ཁྱིམ18531གི་གྲངས་ཀ་བརྩིས་བླངས་ཤིང་ཡིག་འབྲུ་རེ་རེ་བཞིན་དུ་དཔེ་ཆ་དྲུག་ཅུ་ལྷག་ཙམ་གྱི་ནང་ནས་ལུང་ཁུངས་བཏུས་ཏེ་བསྒྲིགས་པས་ན། སློབ་གཉེར་དང་ཞིབ་འཇུག་གི་ཁྱབ་ཁོངས་མང་པོར་ཟུར་ལྟ་གལ་ཆེན་སྤྲད་ཡོད། གཞན། ཁོང་གིས«རྗེ་ཞབས་དཀར་བའི་མགུར་གླུའི་བསམ་བློའི་རང་བཞིན་ལ་རགས་ཙམ་དཔྱད་པ»སོགས་ཀྱིས་མཚོན་པའི་དཔྱད་རྩོམ་ཉི་ཤུ་ལྷག་དུས་དེབ་སྣ་ཚོགས་སུ་སྤེལ་བ་དང་ཆབས་ཅིག། རིག་གཞུང་དང་འབྲེལ་བའི་རྣམ་གྲངས་སྐོར་ཞིག་ལ་མགོ་འཛིན་དང་རྒྱལ་ཁབ་ཕྱི་ནང་གི་ཞིབ་འཇུག་ཚོགས་འདུ་མང་པོར་ཞུགས་ལ། སྔ་ཕྱིར་མི་རིགས་དཔེ་སྐྲུན་ཁང་གི་གདན་ཞུས་རྩོམ་སྒྲིག་པ་དང་སྐྱེ་རྒུ་དགོན་པ་བསྐྱར་བཞེངས་ཀྱི་བློ་འདོན་པ་སོགས་སྤྱི་ཚོགས་ཞབས་ཞུ་སྐོར་ཞིག་ཀྱང་བསྒྲུབས་མྱོང་ཡོད་དོ།།

- 2026.10.28
དཔེ་ཆའི་རིགས།
དཔྱད་རྩོམ་གྱི་རིགས།
རྩོམ་སྐུར་ཡིག་ཟམ། bzstudies@126.com 投稿邮箱
© bzstudies.com 2024-2028 / All rights reserved / 喳喳文学研究平台版权所有 / པར་དབང་ཐམས་ཅད་བོད་རྩོམ་ཞིབ་འཇུག་ལ་དབང་།
京ICP备19006092号-2 / 京网文(2019)2639-246号