མགོ་ཤོག > མི་སྣ།

འབྲོང་བུ་རྡོ་རྗེ་རིན་ཆེན།

15     

མིང་གཞན།:

ཞིབ་འཇུག་ཁྱབ་ཁོངས།:རྩོམ་རིག། ལོ་ཙཱ།

ལས་ཁུངས།:གཅན་ཚ་རྫོང་མི་རིགས་སློབ་འབྲིང་།

ངོ་སྤྲོད་བསྡུས་པ།:འབྲོང་བུ་རྡོ་རྗེ་རིན་ཆེན། མཚོ་སྔོན་གཅན་ཚ་རྫོང་ཀླེ་ཆེན་སྡེ་བར་སྐྱེས། མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་ཡིན། བརྩམས་ཆོས་རེ་འགའ་ཕྱི་གླིང་གི་ཡི་གེར་བསྒྱུར་ནས་བཀྲམ་ཡོད། སྙན་ངག«བཀྲ་ཤིས་རྟགས་བརྒྱད་དང་སྦྱར་བའི་བསྡུས་ཚིག»ལ«སྦྲང་ཆར»གྱི་ཕུལ་བྱུང་རྩོམ་ཡིག་བྱ་དགའ་ཨང་གསུམ་པ་དང་། བརྩམས་སྒྲུང«གཞིས་བྱེས་ལྷན་འཛོམས»ལ«སྦྲང་ཆར»རྩོམ་སྒྲིག་པུས་བསྡུས་པའི“མི་རིགས་མཐུན་སྒྲིལ་དང་ཡར་ཐོན”གྱི་བྱ་དགའ་ཨང་དང་པོ། དཔྱད་རྩོམ«སྟག་འབུམ་རྒྱལ་གྱི་ཁྱིའི་སྒྲུང་གཏམ་བཀླགས་པའི་མྱོང་ཚོར»ལ་སྐབས་བརྒྱད་པའི“སྦྲང་ཆར་དཔྱད་བརྗོད་བྱ་དགའ”བཅས་ཐོབ་མྱོང་ཞིང་། བརྩམས་དེབ་ལ་ལོ་རྒྱུས་སྒྲུང་རིང«གངས་ཅན་བོད་ཡུལ་དུ་སྤྲིངས་པའི་འཕྲིན་ཡིག»དང«དུར་ཐང»«རྩོམ་ལ་འཇུག་པའི་སྒོ»སོགས་ཡོད། གཞན་ཡང་ཨེ་ལུན་ཕུའི་བརྩམས་སྒྲུང་ཕྱོགས་བསྒྲིགས«བྱི་ལ་ནག་པོ»དང་། ཞུས་ཀྲུང་ལིན་གྱི«ལྷ་རུ་བསྐོས་པའི་སྒྲུང»སོགས་ཀྱིས་མཚོན་པའི་རྒྱབ་ཁབ་ཕྱི་ནང་གི་གྲགས་རྩོམ་དེབ་འགའ་ཡང་བོད་ཡིག་ཏུ་བསྒྱུར་ཏེ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱས་ཡོད།

- 2026.11.03
དཔེ་ཆའི་རིགས།
དཔྱད་རྩོམ་གྱི་རིགས།
རྩོམ་སྐུར་ཡིག་ཟམ། bzstudies@126.com 投稿邮箱
© bzstudies.com 2024-2028 / All rights reserved / 喳喳文学研究平台版权所有 / པར་དབང་ཐམས་ཅད་བོད་རྩོམ་ཞིབ་འཇུག་ལ་དབང་།
京ICP备19006092号-2 / 京网文(2019)2639-246号