མགོ་ཤོག > ཞིབ་འཇུག་གནས་སྟངས།

⭐️《བོད་ཀྱི་རྩོམ་རིག་ཞིབ་འཇུག་》དེབ་དྲུག་པའི་རྩོམ་བརྡ།

2025-04-09 ཨ་མྱེས་རྨ་ཆེན་འཕྲིན་སྟེགས། 《བོད་ཀྱི་རྩོམ་རིག་ཞིབ་འཇུག》རྩོམ་སྒྲིག་ཚོགས་ཆུང་།

17     

བོད་ཀྱི་རྩོམ་རིག་ལ་ཐུགས་བཞེས་ཟབ་པའི་མཁྱེན་ལྡན་རྣམས་ཀྱི་སྤྱན་སྔར།


     བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་གཞུང་སློབ་གླིང་བོད་ཀྱི་རྩོམ་རིག་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིག་རྩལ་ཐད་ཀྱི་དགོངས་དོན་གལ་ཆེན་རྒྱུན་འཁྱོངས་དང་། སློབ་གསོ་པུའུ་ཡི་རིག་ཚན་རྩེར་སོན་འཛུགས་སྐྲུན་བྱེད་པའི་ཁ་ཕྱོགས་དང་བསྟུན་པ། བོད་ཀྱི་རྩོམ་རིག་གསར་རྩོམ་ལ་སྐུལ་འདེད་དང་རྩོམ་རིག་གཞུང་ལུགས་འཐུས་ཚང་དུ་གཏོང་བ། བོད་ཀྱི་རྩོམ་རིག་ཞིབ་འཇུག་ལ་ཆེད་དུ་དམིགས་པའི་དཔེ་དེབ་ཉུང་བའི་དངོས་དོན་བཅས་ལ་གཞིགས་ཏེ། རིག་གཞུང་གི་བསམ་ཚུལ་སྤེལ་རེས་དང་བགྲོ་གླེང་བྱ་ཡུལ་གྱི་གར་སྟེགས《བོད་ཀྱི་རྩོམ་རིག་ཞིབ་འཇུག》འདོན་ཐེངས་དྲུག་པའི་དཔྱད་རྩོམ་བསྡུ་འཆར་ཡོད་པས། རྒྱ་ཆེའི་བོད་ཀྱི་རྩོམ་རིག་ལ་ཐུགས་བཞེས་ཟབ་ཅིང་། མཁྱེན་རྒྱ་ཡངས་པ་དག་གིས་ཅིས་ནས་ཀྱང་ཕྱག་རྩོམ་སྩོལ་གནང་ཡོད་པ་ཞུ།


རྩོམ་བསྡུའི་ནང་དོན་གྱི་ཐད།

བོད་ཀྱི་རྩོམ་རིག་གཞུང་ལུགས་ཞིབ་འཇུག རྩོམ་རིག་ལོ་རྒྱུས་ཞིབ་འཇུག རྩོམ་རིག་མཐའ་དཔྱོད། བོད་རྩོམ་ཞིབ་འཇུག་ཐད་ཀྱི་ཐབས་ལམ་གསར་པ། རྩོམ་རིག་བཅར་འདྲི། རྩོམ་རིག་གི་ཆ་འཕྲིན་གསར་པ། རྩོམ་རིག་བརྡ་ཆད་གསལ་འགྲེལ་སོགས་ཡོད་ལ། སྐབས་བབ་ཀྱི་རྩོམ་བསྡུའི་ནང་དོན་ལ་བལྟས་ཏེ་ལེ་ཚན་གསར་པ་བཀོད་སྒྲིག་ཀྱང་བྱེད་འཆར་ཡོད།


ཐུགས་འཇགས་གནང་རྒྱུའི་ཐད།

རྩོམ་པའི་རྒྱུའི་ཀུན་སློང་དག་པ་དང་། དཔྱད་རྩོམ་གྱི་ལྟ་བ་གསལ་པོ་ཡིན་པ། བརྗོད་དོན་འབུར་དུ་ཐོན་པ། སྒྲུབ་བྱེད་ཁུངས་བཙན་པ། གསར་དཔྱད་ཀྱི་ཁྱད་ཆོས་མངའ་བ། ཁ་བྱང་བོད་རྒྱ་གཉིས་དང་ལྡན་དགོས། གནད་བསྡུས་དང་གནད་ཚིག ལུང་འདྲེན་དཔྱད་ཡིག་སོགས་འགོད་ལུགས《བོད་ལྗོངས་སློབ་ཆེན་རིག་གཞུང་དུས་དེབ》(བོད་ཡིག་པར་མ)དང་གཅིག་མཚུངས་ཡིན་དགོས། འདི་གར་བསྐུར་བའི་དཔྱད་རྩོམ་དེ་པར་དབང་དང་འགལ་ཏེ་གཞན་རྩོམ་བཤུ་འབྲི་བྱས་པ་དང་། ཡང་ན་དཔྱད་རྩོམ་གཅིག་དུས་དེབ་མི་འདྲ་བ་གཉིས་ལ་བསྐུར་ཏེ་མཉམ་འགོད་ཀྱི་གནས་ཚུལ་བྱུང་རིགས་རྩོམ་པ་པོ་རང་ཉིད་ཀྱིས་འགན་འཁུར་དགོས།  དེ་བཞིན་རྩོམ་པ་པོའི་མཚན་དང་། གོ་མིང་། ལས་ཁུངས། ཞིབ་འཇུག་གི་ཁ་ཕྱོགས། ཞལ་པར། ཡིག་ཟམ་བཅས་ཁ་གསལ་འབྲི་དགོས། ཡིག་གཟུགས་ངེས་པར་དུ་ཧི་གཟུགས་དང་། ཡིག་གྲངས་དྲུག་སྟོང་ཡས་མས་ཤིག་ཡིན་དགོས། ཁྱེད་ཉིད་ཀྱི་དཔྱད་རྩོམ་དུས་དེབ་ཐོག་ཏུ་བདམས་ཏེ་པར་དུ་བསྐྲུན་རྗེས་དུས་དེབ་ཚར་གཉིས་དང་རྩོམ་ཡོན་འོས་འཚམས་ཤིག་འབུལ་གྱི་ཡིན།


རྩོམ་བསྡུའི་ཡུན་ཚད་ནི།

སྤྱི་ལོ2025ལོའི་ཟླ4པའི་ཚེས11_སྤྱི་ལོ་2025ལོའི་ཟླ7པའི་ཚེས་11བར་ཡིན།

བསྐུར་ཡུལ་ཡིག་ཟམ།    zzwxyjkw@163.com

བསྐུར་ཡུལ། 拉萨市江苏路36号西藏大学文学院藏文学系《藏族文学研究》编辑小组

སྦྲག་སྲིད་ཨང་གྲངས། 850000

འབྲེལ་གཏུག་བྱ་ཡུལ།

དགྲ་འདུལ།  13908995936      

བསྟན་འཛིན་ཆོས་གྲགས།  17888011125

དོན་གྲུབ་ཚེ་རིང་། 13518901765

ཤ་བོ་ཚེ་བརྟན། 13549001339


བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་གཞུང་སློབ་གླིང་བོད་ཀྱི་རྩོམ་རིག་ཚན་ཁག་གི《བོད་ཀྱི་རྩོམ་རིག་ཞིབ་འཇུག》རྩོམ་སྒྲིག་ཚོགས་ཆུང་ནས་ཕུལ།

2025ལོའི་ཟླ4པའི་ཚེས་11ཉིན།



ཟུར་བཀོད།《བོད་ཀྱི་རྩོམ་རིག་ཞིབ་འཇུག་》དེབ་གཉིས་པའི་དཀར་ཆག།







རྩོམ་སྐུར་ཡིག་ཟམ། bzstudies@126.com 投稿邮箱
© bzstudies.com 2024-2028 / All rights reserved / 喳喳文学研究平台版权所有 / པར་དབང་ཐམས་ཅད་བོད་རྩོམ་ཞིབ་འཇུག་ལ་དབང་།
京ICP备19006092号-2 / 京网文(2019)2639-246号