མགོ་ཤོག > ཞིབ་འཇུག་གནས་སྟངས།

༄༅། ། ན་གཞོན་རྩོམ་རིག་ཞིབ་འཇུག་པ་རྩེ་སྟོད་འགྱུར་མེད་རྒྱ་མཚོ།

2026-04-22 ངེད་དྲ་བ། རྩེ་སྟོད་འགྱུར་མེད་རྒྱ་མཚོ།

52     




རྩེ་སྟོད་འགྱུར་མེད་རྒྱ་མཚོ། མཚོ་སྔོན་རྨ་ལྷོ་རྩེ་ཁོག་ཏུ་སྐྱེས། 2020 ལོར་མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་ནས་དངོས་གཞི་སློབ་མཐར་ཕྱིན། དངོས་གཞིའི་མཐར་ཕྱིན་དཔྱད་རྩོམ་ལ་《བོད་ཀྱི་དེང་རབས་རྩོམ་རིག་ལས“རྩོམ་རིག་ནི་མིའི་རིག་པ་ཡིན”པའི་བསམ་བློའི་བྱུང་འཕེལ་དང་དོན་སྙིང་སྐོར་གླེང་བ》ཞེས་པའི་མཐར་ཕྱིན་དམ་བཅའ་ཕུལ། 2023 ལོའི་ཟླ་དྲུག་པར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་བོད་རིག་པའི་སློབ་གླིང་ནས་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དང་རྩོམ་རིག་ཆེད་ལས་ཀྱི་རབ་འབྱམས་ཞིབ་འཇུག་སློབ་མའི་སློབ་མཐར་ཕྱིན། ཞིབ་འཇུག་གི་ཁ་ཕྱོགས་གཙོ་བོ་ནི་བོད་ཀྱི་དེང་རབས་རྩོམ་རིག་ཡིན། ཞིབ་འཇུག་གི་མཐར་ཕྱིན་དཔྱད་རྩོམ་ལ《བོད་ཀྱི་རྩོམ་རིག་གསར་བའི་དཔྱད་བརྗོད་ཀྱི་གནས་སྟངས་དང་འཕེལ་རིམ་ཞིབ་འཇུག》ཅེས་པའི་མཐར་ཕྱིན་འབྲས་རྟགས་ཕུལ་ཏེ་སློབ་གྲྭ་རིམ་པའི་ཕུལ་བྱུང་དཔྱད་རྩོམ་དུ་བདམས།  མིག་སྔར་བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་དུ་སྒྱུ་རྩོམ་རིག་པའི་ཆེད་ལས་ཀྱི་འབུམ་རམས་ཞིབ་འཇུག་སློབ་མའི་བསླབ་གནས་ལ་བརྩོན་བཞིན་མཆིས་ལ། ཞིབ་འཇུག་གི་ཁ་ཕྱོགས་ནི་བོད་ཀྱི་སྒྱུ་རྩོམ་མཛེས་ཚོར་རིག་པ་ཡིན། སྔ་རྗེས་སུ《བོད་ལྗོངས་ཞིབ་འཇུག》དང་《མཚོ་སྔོན་དགེ་འོས་སློབ་ཆེན་གྱི་རིག་གཞུང་དུས་དེབ》 《མཚོ་སྔོན་སྤྱི་ཚོགས་ཚན་རིག》 《ཀན་ལྷོའི་མི་རིགས་རིག་གནས་ཞིབ་འཇུག》《བོད་ཀྱི་རྩོམ་རིག་སྒྱུ་རྩལ》《སྦྲང་ཆར》《ཟླ་ཟེར》《གངས་རྒྱན་མེ་ཏོག》《གངས་དཀར་རི་བོ》《ཇོ་མོ་གླང་མ》《བོད་ཀྱི་རྩོམ་རིག་ཞིབ་འཇུག》《གཙང་གསུམ་རིག་གནས་ཞིབ་འཇུག》 《མཚོ་སྔོན་པོ་རྩོམ་རིག་སྒྱུ་རྩལ》《མཚོ་སྔོན་བོད་ཡིག་གསར་འགྱུར》སོགས་སུ་རིག་གཞུང་དཔྱད་རྩོམ་དང་ཕྲན་དཔྱད་སུམ་ཅུ་ལྷག་སྤེལ།


བོད་ཀྱི་དེང་རབས་རྩོམ་དང་སྒྱུ་རྩོམ་མཛེས་ཚོར་རིག་པ། རྩོམ་རིག་དཔྱད་བརྗོད་ཀྱི་གཞུང་ལུགས་དང་ལག་ལེན་སྐོར་ཡིན།


དཔྱད་རྩོམ།(2020-2026)

[1] འོད་དང་མུན་པར་བསྡེབས་པའི་སྙན་ངག་ཅིག་གི་ནང་སེམས། གངས་དཀར་རི་བོ། 2020 ལོའི་དེབ་དྲུག་པ།

[2] ཡིག་དེབ་ཀློག་འགྲེལ་རིག་པའི་ངོས་ནས་བརྩམས་སྒྲུང་གསུམ་གྱི་མི་སྣའི་ཁེར་རྐྱང་གི་སེམས་ཁམས་བསྡུར་བ། མཚོ་སྔོན་དགེ་འོས་སློབ་ཆེན་གྱི་རིག་གཞུང་དུས་དེབ། 2021 ལོའི་དེབ་གཉིས་པ།

[3] ཚེ་སྲོག་གི་ཆགས་འཇིག  མིའི་གནས་སྟངས་རིགས་གཉིས། --- ཚེ་རིང་དོན་གྲུབ་ཀྱི་སྒྲུང་འབྲིང《ཤི་གསོན》 ལ་རོབ་ཙམ་དཔྱད་པ། བོད་ཀྱི་རྩོམ་རིག་སྒྱུ་རྩལ། 2021 ལོའི་དེབ་དྲུག་པ།

[4] དེང་རབས་རྩོམ་རིག་ལས“རྩོམ་རིག་ནི་མིའི་རིག་པ་ཡིན”པའི་བསམ་བློའི་བྱུང་འཕེལ་སྐོར་གླེང་བ། བོད་ཀྱི་རྩོམ་རིག་ཞིབ་འཇུག  འདོན་ཐེངས་གསུམ་པ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2021ལོའི་ཟླ5པ།

[5] གཏམ་གྱི་རྒྱུན་དང་འཚོ་བའི་སྣང་བརྙན། -རྡོ་དགོན་གསང་བདག་རྡོ་རྗེའི་སྒྲུང་རིང《མཛའ་གཅུགས་ཀྱི་མི་ཚེ》ལ་དཔྱད་པ། ཇོ་མོ་གླང་མ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2021 ལོའི་ལོ་དེབ།

[6] འཚོ་བའི་དགེ་སྡིག་གི་རྣམ་གཞག མུན་པའི་གཏིང་ནས་འཚོལ། --- ངལ་རྫིའི་སྙན་ངག《མུན་ནག》ལ་ཕྲན་ཙམ་དཔྱད་པ། གངས་རྒྱན་མེ་ཏོག 2021 ལོའི་དེབ་བཞི་པ།

[7] ཚེ་དབང་རྣམ་རྒྱལ་གྱི་བརྩམས་སྒྲུང་གི་བསམ་བློ་དང་སྒྱུ་རྩལ་ཐབས་ལམ་ལ་དཔྱད་པ། སྦྲང་ཆར། 2022 ལོའི་དེབ་གསུམ་པ།

[8] བོད་ཀྱི་སྲོལ་རྒྱུན་བརྩམས་སྒྲུང་གི་དཔྱད་བརྗོད་ཀྱི་གནས་སྟངས་དང་དེའི་དགག་སྒྲུབ། གཙང་གསུམ་རིག་གནས་ཞིབ་འཇུག མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།  2022 ལོའི་ལོ་དེབ།

[9] ལུགས་བརྗོད་དང་ཡིད་འགྱུར་ཟུང་འབྲེལ་གྱི་ལྷུག་རྩོམ། --- མཛེས་སེའི་ལྷུག་རྩོམ་སྐོར་ཅུང་ཟད་གླེང་བ། བོད་ཀྱི་རྩོམ་རིག་ཞིབ་འཇུག འདོན་ཐེངས་བཞི་པ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2023 ལོའི་ཟླ9པ།

[10] བོད་ཀྱི་དེང་རབས་རྩོམ་རིག་དཔྱད་བརྗོད་ཀྱི་ཐོག་མའི་ངོས་འཛིན་དང་དཔྱད་ཞིབ། བོད་ཀྱི་རྩོམ་རིག་སྒྱུ་རྩལ། 2023 ལོའི་དེབ་བཞི་པ།

[11] འཛམ་གླིང་རྩོམ་རིག་བོད་འགྱུར་དཔེ་ཚོགས་ཀྱི་དཔྱད་སྦྱོར། སྦྲང་ཆར། 2023 ལོའི་དེབ་གཉིས་པ།

[12] བསམ་གཞིག་དང་ལག་ལེན། ---རྩོམ་རིག་མ་ཡིན་པའི་དཔྱད་བརྗོད་སྐོར་གྱི་ལྟ་ཚུལ་རེ་ཟུང་གླེང་བ། མཚོ་སྔོན་པོ་རྩོམ་རིག་སྒྱུ་རྩལ། 2023 ལོའི་དེབ་བཞི་པ།

[13] བོད་ཀྱི་རྩོམ་རིག་གསར་བའི་དཔྱད་བརྗོད་ཀྱི་ལྟ་བར་ཤུགས་རྐྱེན་ཐེབས་པའི་རྒྱུ་གསུམ་དམིགས་སུ་གླེང་བ། བོད་ཀྱི་རྩོམ་རིག་ཞིབ་འཇུག བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། འདོན་ཐེངས་ལྔ་པ། 2024ལོའི་ཟླ12པ།

[14] 《ལུའུ་ཞུན་རྩོམ་རིག་བྱ་དགའི་བརྩམས་ཆོས་བོད་འགྱུར་དཔེ་ཚོགས(སྒྲུང་ཐུང)》ཀྱི་དཔྱད་གླེང་། འབྲི་ཆུའི་རླབས་ཀྱི་མེ་ཏོག མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2024 ལོའི་ལོ་དེབ།

[15] ] ཚེ་རིང་དོན་གྲུབ་ཀྱི་བརྩམས་སྒྲུང《རླུང་ནག་འཚུབ་མའི》 སྒྲིག་གཞིའི་སྐོར་ཅུང་ཟད་གླེང་བ། ཇོ་མོ་གླང་མ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2024 ལོའི་ལོ་དེབ།

[16] བོད་ཀྱི་རྩོམ་རིག་གསར་བའི་དཔྱད་བརྗོད་ཀྱི་རྩོམ་ལུས་ཐད་ཀྱི་དོགས་དཔྱོད། རང་གྲོལ། འདོན་ཐེངས་ཉེར་གཉིས་པ། 2024ལོའི་ཟླ1པོ།

[17] ཉེ་བའི་ལོ་བཞི་བཅུའི་རིང་གི་བོད་ཀྱི་རྩོམ་རིག་གསར་བའི་དཔྱད་བརྗོད་ཀྱི་ཞིབ་འཇུག་གནས་ཚུལ་དང་དེ་དག་གི་དཔྱད་པ། བོད་ལྗོངས་ཞིབ་འཇུག 2025ལོའི་དུས་དེབ་འཕར་མ།

[18] བོད་དུ་དར་བའི་རྩོམ་རིག་དཔྱད་བརྗོད་ཀྱི་དཔྱད་ཐབས་གསུམ་གྱི་ཁུངས་བརྟག་པ། མཚོ་སྔོན་སྤྱི་ཚོགས་ཚན་རིག 2025 ལོའི་དེབ་བཞི་པ།

[19] དཀོན་མཆོག་དགེ་བསྙེན་གྱི་བརྩམས་སྒྲུང་ཁྲོད་ཀྱི་སེམས་ཁམས་ཞིབ་འབྲི་དང་དེའི་དེང་རབས་རང་བཞིན་གྱི་བསམ་གཞིག བོད་ཀྱི་རྩོམ་རིག་སྒྱུ་རྩལ། 2025 ལོའི་དེབ་བཞི་པ།

[20] བོད་ཀྱི་རྣམ་ཐར་རྩོམ་རིག་གི་རྩོམ་པའི་སྒྲིག་གཞི་འགའ་གླེང་བ། ཀན་ལྷོའི་མི་རིགས་རིག་གནས་ཞིབ་འཇུག 2025 ལོའི་དེབ་བཞི་པ།

[21] འཕགས་པ་འབྲོང་གི་བརྩམས་སྒྲུང་ཁྲོད་ཀྱི་དོན་བརྗོད་མཐོང་སྣེ་དང་མི་སྣའི་གཤིས་ཀ་བཞེངས་བསྐྲུན་གྱི་རིགས་ལམ། བོད་ཀྱི་རྩོམ་རིག་སྒྱུ་རྩལ། 2026 ལོའི་དེབ་དང་པོ།

[22] དཔལ་མོ་རྒྱལ་གྱི་ལྷུག་རྩོམ་སྙན་ངག་གི་དོན་ཉམས་དང་ཚིག་ཉམས་བརྟག་པ།  ཟླ་ཟེར། 2026 ལོའི་དེབ་དང་པོ།

ཕྲན་དཔྱད། (2019-2025)

1. ཉི་མ་དང་ཟླ་བ་ཞེས་པའི་སྙན་ངག་གི་ཀློག་སྟངས་ཆལ་ཆོལ། མཚོ་སྔོན་པོ་རྩོམ་རིག་སྒྱུ་རྩལ། 2019 ལོའི་དེབ་བཞི་པ།

2. མི་གཤིས་རྟོག་འཇུག་གི་སྙན་ངག --- མཚོ་སྐྱེས་ཀྱི་སྙན་ངག《ས་རུབ་ཐེངས་རེ་རེར》ཕྲན་ཙམ་དཔྱད་པ། མཚོ་སྔོན་པོ་རྩོམ་རིག་སྒྱུ་རྩལ། 2020 ལོའི་དེབ་གཉིས་པ།

3. སྐྱེ་འཆིའི་བསླུ་བྲིད། དཀར་ནག་གི་གདམ་གསེས། ---སྤེན་པ་དོན་གྲུབ་ཀྱི་སྙན་ངག 《ལྡེ་མིག་བོར་བའི་མི》ལ་ཕྲན་ཙམ་དཔྱད་པ། གངས་རྒྱན་མེ་ཏོག 2022 ལོའི་དེབ་བཞི་པ།

4. སྐྱེ་ཁམས་རྩོམ་རིག་འོག་གི་མི་གཤིས་ཀྱི་རྩོམ་འབྲི། མཚོ་སྔོན་པོ་རྩོམ་རིག་སྒྱུ་རྩལ། 2022 ལོའི་དེབ་དང་པོ།

5. ཚེ་རིང་དོན་གྲུབ་ཀྱི་སྒྲུང་ཐུང《ཚེ་སྲོག་ཁྲོད་ཀྱི་མཚན་མོ་ལྷག་མ་གཅིག》ཅེས་པར་དཔྱད་པ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2022 ལོའི་ཟླ 9 པའི་ཚེས 3པ།

6. སྙན་ངག་ཁྲོད་ཀྱི་སྐད་ཆ། སྐད་ཆའི་ནང་གི་སྙན་ངག མཚོ་སྔོན་པོ་རྩོམ་རིག་སྒྱུ་རྩལ། 2022 ལོའི་དེབ་གཉིས་པ།

7. བར་ཐག་གི་གདུང་བ་སེམས་ན་ལྕི། ---རེབ་གོང་བསམ་སྤྱོད་ཀྱི་སྙན་ངག《མཚོ་དང་གྲུ》ལ་དཔྱད་པ། མཚོ་སྔོན་པོ་རྩོམ་རིག་སྒྱུ་རྩལ། 2022 ལོའི་དེབ་བཞི་པ།

8. ཡུལ་གདུང་།   འཁྲེང་སེམས།   བག་ཆགས། ---མཛེས་སེའི་སྙན་ངག《འདམ་ལས་ཐར་བའི་ལ་དྭགས》ལ་དཔྱད་པ། གངས་རྒྱན་མེ་ཏོག  2023 ལོའི་དེབ་དང་པོ།

9. བར་ཐག   དྲན་ཤེས།   འཚོལ་སྙེག ---མཚོ་སྐྱེས་ཀྱི་སྙན་ངག《གོ་ཁ》ལ་དཔྱད་པ། མཚོ་སྔོན་པོ་རྩོམ་རིག་སྒྱུ་རྩལ། 2023 ལོའི་དེབ་གཉིས་པ།

10. གཉའ་ཞུམ་རྗེས་ཁུ་སུམ་མེར་ལུས། - ངལ་རྫིའི་སྙན་ངག《མེ་གཞིལ་ལ་ཉེ་དུས》བཀླགས་པ། མཚོ་སྔོན་དགེ་འོས་སློབ་ཆེན་མིག་གསུམ་པའི་སྐར་ཚོམ་ཚགས་དེབ་འདོན་ཐེངས་གསུམ་པ། 2023ལོ།

11. རིག་གནས་ཀྱི་ཡིད་རྟོན་དང་བག་ཆགས།  -སྙན་དེབ《རྨི་ལམ་གྱི་ཁ་དོག་བཀླགས་པ》མཚོ་སྔོན་བོད་ཡིག་གསར་འགྱུར། 2024 ལོའི་ཟླ 1 པའི་ཚེས 17 ཉིན།

12. ཚེ་སྲོག་གི་དབྱངས་རྟ་གློ་བུར་འཇགས་ན། དུས་རབས་ཀྱི་དབྱངས་རྟ་རིམ་གྱིས་ཞུ། -སྙན་བུའི་སྙན་ངག《སྟོན་མཇུག》ལ་དཔྱད་པ། མཚོ་སྔོན་པོ་རྩོམ་རིག་སྒྱུ་རྩལ།  2024 ལོའི་དེབ་གཉིས་པ།

13. ཁེར་རྐྱང་གི་གདུང་བའི་ཁྲོད་དུ། ལོ་རྒྱུས་ཀྱི་ན་ཟུག་སྦྲུམ། -སྙན་ངག《ཁ་བ་བབས་སོང》བཀླགས་པ། གངས་རྒྱན་མེ་ཏོག  2024 ལོའི་དེབ་གཉིས་པ།

14. མི་ཚེའི་ཕུགས་རྒྱང་། ཚེ་སྲོག་གི་དོན་སྙིང་། -བུ་ཡུག་གི་སྙན་ངག《གལ་ཏེ་ང་རང་ཁོམ་པར་གྱུར་ཚེ》བཀླགས་པ། ཤ་སྐྱ་དུས་དེབ། 2025 ལོའི་དེབ་དང་པོ།

15. སེམས་ཁམས་ཀྱི་འཕྱི་ལྡིང་ཆར་བའི་གར་ལས་གསལ། -ཐོ་རེངས་ཀྱི་སྙན་ངག《ཆར་བ》ལ་དཔྱད་པ། གངས་རྒྱན་མེ་ཏོག  2025 ལོའི་དེབ་དང་པོ།

16. འཚོ་བའི་གྲིབ་རིས། སྒེར་གྱི་བསམ་གཞིག -ངལ་རྫིའི་སྙན་ངག《ང་རང་གྲུབ་ཚུལ》ལ་དཔྱད་པ། མཚོ་སྔོན་པོ་རྩོམ་རིག་སྒྱུ་རྩལ། 2025 ལོའི་དེབ་དང་པོ།

17. ས་ལྟ་ཡུལ་ལྟའི་བར་ནས་སྙན་ངག་གི་བློ་མིག་འཁྲུངས། -གླིང་ཚ་སྙིང་རྒྱལ་འབུམ་གྱི་སྙན་ངག《མི་ཉག་དགུ་ཐོག་སྟེང་གི་རྒྱང་ལྟ》ལ་དཔྱད་པ། གངས་རྒྱན་མེ་ཏོག  2025 ལོའི་དེབ་གསུམ་པ།


གསལ་བཤད། 《གངས་རྒྱན་མེ་ཏོག》དུས་དེབ་སྟེང་བཀོད་ཡོད་པའི་ཕྲན་དཔྱད་འདི་དག་གི་ཁ་བྱང་ནི་དཀར་ཆག་ལས་མི་མཐོང་མོད། རྩོམ་ཡིག་དངོས་གསེར་གྱི་ཐིག་ལེའི་ལེ་ཚན་དུ་ཡོད་པས། ཀློག་འདོད་མཁན་ཚོས་དེབ་བརྒྱུད་ནས་གཟིགས་ཆོག

ཉེ་བའི་ལོ་ངོ་འདི་དག་གི་རིང་ཁོ་བོས་བོད་ཀྱི་དེང་རབས་རྩོམ་རིག་གི་སྐོར་ལ་སློབ་སྦྱོང་དང་དོ་སྣང་ཅུང་ཟད་བྱས་ཤིང་། ཞིབ་འཇུག་གི་ཁ་ཕྱོགས་ཀྱང་རྒྱུན་གཅིག་གི་སྟེང་ནས་འགྲོ་སྙམ་པའི་ཀུན་སློང་གིས་བྱེ་བྲག་རྩོམ་རིག་དཔྱད་བརྗོད་ཀྱི་རྩོམ་འབྲི་དང་གཞུང་ལུགས་འཚོལ་ཞིབ་ཀྱི་ཕྱོགས་ལ་དུས་ཚོད་བཀོལ་བ་ཡིན། དེ་ཡང་ཞིབ་ཏུ་བཤད་ན། རྒྱལ་ཕྱི་ནང་གི་མཁས་པ་མང་པོས་མགྲིན་གཅིག་ཏུ་གསུངས་པ་བཞིན། སྒྱུ་རྩོམ་རིག་པའི་གཞུང་གཙོ་བོ་གསུམ་མམ་རྩོམ་རིག་ཞིབ་འཇུག་གི་གཞུང་གཙོ་བོ་གསུམ་གྱི་ཡ་གྱལ་དུ་བསྡུས་པའི་རྩོམ་རིག་དཔྱད་བརྗོད་ཀྱི་གནད་འདི་ལ། བོད་རང་གི་རྟེན་གཞིར་རུང་བའི་དཔྱད་བརྗོད་ཀྱི་རྣམ་གཞག་རང་ཆས་སུ་རྫོགས་པ་ཞིག་གྲུབ་མེད། བོད་ཀྱི་དེང་རབས་རྩོམ་རིག་གི་རིག་ཚན་འཛུགས་སྐྲུན་བྱེད་པ་ལ་དེང་རབས་ཀྱི་འགྲོས་དང་མཉམ་པའི་དཔྱད་བརྗོད་ཀྱི་རྣམ་གཞག་ནི་ཅིས་ཀྱང་མཁོ་བས། འདིའི་ཐད་ནས་རྒྱལ་ཕྱི་ནང་གི་མཁོ་ཆེ་བའི་རིག་པ་ཚུར་ལེན་བྱས་ཆོག་ལ། བོད་རང་གི་སྲོལ་རྒྱུན་གྱི་འཆད་རྩོམ་རྩོམ་གསུམ་གྱི་རྣམ་གཞག་ལས་དཔྱད་བརྗོད་རང་ལྡོག་གི་གཞུང་ལུགས་འཚོལ་ཞིབ་དང་དཔྱད་པའི་ལག་ལེན་གྱི་རིག་པ་བཙལ་འཚོལ་བྱས་ཆོག དམིགས་ཡུལ་དང་རྐྱེན་འདིས་ཁོ་བོས་རྩོམ་ཡིག་སྐོར་ཞིག་བྲིས་ནས་རང་གི་བསམ་ཚུལ་བསྟན་མྱོང་བ་སྟེ། དཔེར་ན།《བོད་ཀྱི་སྲོལ་རྒྱུན་བརྩམས་སྒྲུང་གི་དཔྱད་བརྗོད་ཀྱི་གནས་སྟངས་དང་དེའི་དགག་སྒྲུབ》 《བོད་ཀྱི་དེང་རབས་རྩོམ་རིག་དཔྱད་བརྗོད་ཀྱི་ཐོག་མའི་ངོས་འཛིན་དང་དཔྱད་ཞིབ》 《བོད་ཀྱི་རྩོམ་རིག་གསར་བའི་དཔྱད་བརྗོད་ཀྱི་ལྟ་བར་ཤུགས་རྐྱེན་ཐེབས་པའི་རྒྱུ་གསུམ་དམིགས་སུ་གླེང་བ》 《ཉེ་བའི་ལོ་བཞི་བཅུའི་རིང་གི་བོད་ཀྱི་རྩོམ་རིག་གསར་བའི་དཔྱད་བརྗོད་ཀྱི་ཞིབ་འཇུག་གནས་ཚུལ་དང་དེ་དག་གི་དཔྱད་པ》《བོད་དུ་དར་བའི་རྩོམ་རིག་དཔྱད་བརྗོད་ཀྱི་དཔྱད་ཐབས་གསུམ་གྱི་ཁུངས་བརྟག་པ།》 《བསམ་གཞིག་དང་ལག་ལེན། - རྩོམ་རིག་མ་ཡིན་པའི་དཔྱད་བརྗོད་སྐོར་གྱི་ལྟ་ཚུལ་རེ་ཟུང་གླེང་བ》《བོད་ཀྱི་རྩོམ་རིག་གསར་བའི་དཔྱད་བརྗོད་ཀྱི་རྩོམ་ལུས་ཐད་ཀྱི་དོགས་དཔྱོད》ཅེས་པ་སོགས་ནི་ཟུར་དང་ངོས་མང་བོ་ནས་རྩོམ་རིག་དཔྱད་བརྗོད་རང་ལྡོག་གི་སྐོར་ལ་དཔྱད་པ་བྱས་པའི་གྲུབ་འབྲས་ཙམ་ཡིན་པས། ཞིབ་འཇུག་གི་གནས་ཚུལ་འདིས་བོད་ཀྱི་དེང་རབས་རྩོམ་རིག་གི་གསར་རྩོམ་དང་དཔྱད་བརྗོད། གཞུང་ལུགས་བཅས་ཀྱི་ལྟ་བ་དང་ལག་ལེན་ཐད་ཀྱི་མཛེས་དཔྱོད་ཀྱི་ཆུ་ཚད་དེ་དངོས་ཤུགས་གང་རུང་ནས་མཐོང་ཐུབ་པར་བྱས་ཡོད་ལ། ཁྱད་པར་དུ་མིག་སྔའི་ཞིབ་འཇུག་གི་གནས་བབ་སོགས་དང་སྦྲེལ་ནས་བཤད་ན། རྩོམ་རིག་གི་ཕྱིའི་ཞིབ་འཇུག་ལ་གཞོལ་ཆེ་ཞིང་ནང་གི་ཞིབ་འཇུག་ལ་དོ་སྣང་བྱས་པ་ཁྱབ་ཆུང་བའི་ལྟ་ཚུལ་དེ་གླེང་ཅི་ཐུབ་བྱས་ཡོད། མ་འོངས་པར་ཞིབ་འཇུག་གི་ཁ་ཕྱོགས་འདིའི་རྒྱུན་མ་ལྷོད་པར་རྩོམ་རིག་དཔྱད་བརྗོད་ཀྱི་རྩོམ་འབྲི་དང་གཞུང་ལུགས་འཚོལ་ཞིབ་ཉིས་ཆ་ནས་བརྩོན་པ་བྱ་རྒྱུའི་ཧམ་སེམས་རེ་ཞིག་མ་དོར་བར་ཡོད་དོ། །


འཕྲོས་ཀློག། དྲ་ཚུགས་སུ་གསལ་བའི་རྩེ་སྟོད་འགྱུར་མེད་རྒྱ་མཚོ་ལགས་ཀྱི་བརྩམས་ཆོས་སྐོར་ཞིག། (ཐད་ཀར་པར་མནན་ཏེ་རྩོམ་དག་ལ་བལྟ་ཆོག )




རྩོམ་སྐུར་ཡིག་ཟམ། bzstudies@126.com 投稿邮箱
© bzstudies.com 2024-2028 / All rights reserved / 喳喳文学研究平台版权所有 / པར་དབང་ཐམས་ཅད་བོད་རྩོམ་ཞིབ་འཇུག་ལ་དབང་།
京ICP备19006092号-2 / 京网文(2019)2639-246号